བསེ་བསྡུས་ལས་དྲུག་སྒྲའི་རྣམ་བཞག

སྤེལ་དུས།  2021-09-20   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

དྲུག་སྒྲའི་རྣམ་བཞག་བཤད་པ་ལ།

      ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་པ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་ཟེར་ན།    འོ་ན།    བདག་མེད་ཡིན་ན་དངོས་པོར་རྟོགས་པའི་ཚད་མ་མ་ཡིན་པས་ཁྱབ་པར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་མི་ཐེབས་པའི་ཕྱིར།    དེར་ཐལ།   དེ་ལ་འདོད་ལན་བཏབས་པས་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་མ་ཡིན་པའི་ཕྱིར།    རྟགས་དང་པོ་ཁས།    གཉིས་པ་མ་གྲུབ་ན།    རྟག་པ་མ་ཡིན་པར་ཐལ།    རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡིན་པའི་ཕྱིར།    རྟགས་ཁས།    རྩ་བར་འདོད་ན།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་མ་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར།    ཁྱབ་པ་ཁས།    འདོད་མི་ནས་ཏེ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།    ཡོད་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།    ཡོད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   ཡིན་འགོད་དང་ཡོད་འགོད་གཉིས་ཀྱི་རྩི་ཚུལ་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པའི་ཕྱིར།

    གཞན་ཡང་།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་མི་ཐེབས་པ་ཡིན་པར་ཐལ།    དེ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་མ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    དེ་ལ་འདོད་ལན་བཏབ་པས་དེ་ལྟར་དུ་རྩི་རིགས་པ་ཡིན་པར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེ་གཉིས་ཀྱི་རྩི་ཚུལ་ལ་མི་འདྲ་བའི་ཁྱད་པར་མེད་པའི་ཕྱིར།    རྟགས་དང་པོ་ཁས།    གོང་དུ་འདོད་ན།   དངོས་པོ་ཡིན་ན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པས་མ་ཁྱབ་པར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་མི་ཐེབས་པ་ཡིན་པའི་ཕྱིར།    རྟགས་ཁས།    དེར་ཐལ།    དེ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་མ་ཡིན་པའི་ཕྱིར།    རྟགས་དང་པོ་ཁས།    གོང་དུ་འདོད་མི་ནུས་ཏེ།    དངོས་པོ་ཡིན་ན།    དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པས་ཁྱབ་པའི་ཕྱིར།    དེར་ཐལ།    དངོས་པོ་ཡིན་ན་ཡོད་པར་རྟོགས་པའི་ཚད་མའི་རྒྱུ་ཡིན་པས་ཁྱབ་པའི་ཕྱིར།

    གཞན་ཡང་།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་ཐེབས་པ་ཡིན་པར་ཐལ།    དེ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མའི་རྒྱུ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    དེ་ལ་འདོད་ལན་བཏབ་པས་དེ་ལྟར་དུ་རྩི་རིགས་པ་ཡིན་པར་ཐལ།    རྣམ་མཁྱེན་ཆོས་ཅན།    ཡོད་པར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མའི་རྒྱུ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།    ཡོད་པར་རྟོགས་པའི་ཚད་མ་ཁྱོད་ཀྱི་འབྲས་བུ་ཡིན་པར་ཐལ།    ཁྱོད་ཡོད་པར་རྟོགས་པའི་ཚད་མའི་རྒྱུ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་རྣམ་མཁྱེན་གྱི་འབྲས་བུ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།    རྟག་པར་རྟོགས་པའི་ཚད་མ་ཁྱོད་ཀྱི་དགག་བྱ་ཡིན་པར་ཐལ།    ཁྱོད་རྟག་པར་རྟོགས་པའི་ཚད་མའི་དགག་གཞི་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྟག་པར་རྟོགས་པའི་ཚད་མ་རྣམ་མཁྱེན་གྱི་དགག་བྱ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།    རྟག་པར་རྟོགས་པའི་ཚད་མ་མེད་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྟག་པར་རྟོགས་པའི་ཚད་མ་མེད་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར། 

   ཁ་ཅིག་ན་རེ།    རྟག་པར་རྟོགས་པའི་ཚད་མ་ཆོས་ཅན།    རྟག་པར་རྟོགས་པའི་ཚད་མའི་དགག་གཞི་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཟེར་ན་འདོད་ལན་ཐེབས་པ་ཡིན་ཏེ།    རྩི་བའི་ཚེ་ན།    རྟག་པར་རྟོགས་པའི་ཚད་མ་དེ་རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མའི་དགག་གཞི་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   རྟག་པར་རྟོགས་པའི་ཚད་མ་དེ་རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མའི་དགག་གཞི་ཡིན་པའི་ཕྱིར།   རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    རྟག་པར་རྟོགས་པའི་ཚད་མ་དེ་རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མའི་དགག་གཞི་ཡིན་པར་ཐལ།    རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་དེ་རྟག་པར་རྟོགས་པའི་ཚད་མའི་དགག་བྱ་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་དེ་རྟག་པར་རྟོགས་པའི་ཚད་མའི་དགག་བྱ་ཡིན་པར་ཐལ།    རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་དེ་རྣམ་པ་ཐམས་ཅད་དུ་མེད་ངེས་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པར་རྟོགས་པའི་ཚད་མ་ཆོས་ཅན།    ཁྱོད་རྟག་པར་རྟོགས་པའི་ཚད་མ་རྣམ་པར་ཐམས་ཅད་དུ་མེད་ངེས་ཡིན་པར་ཐལ།    ཁྱོད་དངོས་པོ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    རྟག་པར་རྟོགས་པའི་ཚད་མ་ཆོས་ཅན།    རྟག་པར་རྟོགས་པའི་ཚད་མའི་དགག་གཞི་མ་ཡིན་པར་ཐལ།    རྟག་པར་རྟོགས་པའི་ཚད་མ་དང་གཅིག་ཡིན་པའི་ཕྱིར།    མ་གྲུབ་ན།    རྟག་པར་རྟོགས་པའི་ཚད་མ་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ།   ཁྱོད་གཞི་གྲུབ་པའི་ཕྱིར་ཟེར་ན།    འདིར་འདོད་ལན་ཐེབས་པ་ཡིན་ཏེ།    བརྩི་བའི་ཚེ་ན་རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་དང་གཅིག་ཡིན་པའི་ཕྱིར།    བྱས་པ་ལ་ཁོ་ན་རེ།    རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་དང་གཅིག་མ་ཡིན་པར་ཐལ།    རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་མེད་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།   རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་མེད་པར་ཐལ།    རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར།

    ཁ་ཅིག་ན་རེ།    རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་དང་གཅིག་མ་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཟེར་ན་རྩོད་གཞི་མེད་པས་ཁྱབ་པ་གཤོག་མ་ཚང་ཞེས་ལན་འདེབས་དགོས།    འོ་ན།    ཁྱོད་རང་ལ་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མའི་དགག་གཞི་མ་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར།    ཁྱབ་པ་འགྲིག །   འདོད་ན།    རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མའི་དགག་གཞི་ཡིན་པར་ཐལ།    དངོས་པོར་རྟོགས་པའི་ཚད་མ་རྣམ་མཁྱེན་གྱི་དགག་བྱ་ཡིན་པའི་ཕྱིར།    མ་གྲུབ་ན།    དངོས་པོར་རྟོགས་པའི་ཚད་མ་ཆོས་ཅན།    རྣམ་མཁྱེན་གྱི་དགག་བྱ་ཡིན་པར་ཐལ།    ཚད་མས་བསལ་བ་ཡིན་པའི་ཕྱིར།    མ་གྲུབ་ན།    དངོས་པོར་རྟོགས་པའི་ཚད་མ་ཆོས་ཅན།    ཚད་མས་བསལ་བ་ཡིན་པར་ཐལ།    གཞི་མ་གྲུབ་པའི་ཕྱིར།

    ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་དང་ཡོད་པར་རྟོགས་པའི་ཚད་མ་གཉིས་ཀ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་དང་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་གཉིས་ཀ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་གྲུབ་པ་ཡིན་ཏེ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་དང་ཡོད་པར་རྟོགས་པའི་ཚད་མ་དང་དངོས་པོར་རྟོགས་པའི་ཚད་མ་གསུམ་ག་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་དང་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་དང་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་གསུམ་ག་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་དང་ཡོད་པར་རྟོགས་པའི་ཚད་མ་དང་རྟག་པར་རྟོགས་པའི་ཚད་མ་དང་མེད་པར་རྟོགས་པའི་ཚད་མ་བཞི་ག་མ་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་དང་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་དང་རྣམ་མཁྱེན་རྟག་པར་རྟོགས་པའི་ཚད་མ་དང་རྣམ་མཁྱེན་མེད་པར་རྟོགས་པའི་ཚད་མ་བཞི་ཀ་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    རྩ་བར་འདོད་ན།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་མི་རིགས་པ་ཡིན་པར་ཐལ།    དེ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་གྱིས་རྩོད་གཞི་བྱས་ནས་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་གཅིགནས་བརྒྱ་སྟོང་གི་བར་དུ་ཅི་ཙམ་བརྩེགས་ཀྱང་ཡིན་འགོད་བྱས་ན་མགོ་དེ་ལས་རྣམ་མཁྱེན་གཉིས་ལས་ལྷག་འཕར་མི་དགོས་པ་དེ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་མགོ་དེ་ལས་རྣམ་མཁྱེན་གསུམ་འཕར་ནས་རྩི་རིགས་པར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་མགོ་དེ་ལས་རྣམ་མཁྱེན་གསུམ་འཕར་ནས་རྩི་རིགས་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་གྲུབ་སྟེ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།    ཡིན་པར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    མ་གྲུབ་ན།    དེ་ལ་འདོད་ལན་བཏབ་པས་དེ་ལྟར་དུ་རྩི་རིགས་པར་ཐལ།    རྣམ་མཁྱེན་ཆོས་ཅན།    ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་གྱིས་རྩོད་གཞི་བྱས་ནས་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྟོགས་པའི་ཚད་མའི་བར་དང་སྒྲས་མཆོད་པར་ཡིན་འགོད་བྱས་ནས་བཞི་བརྩེགས་ན་མགོ་དེ་ལས་རྣམ་མཁྱེན་ལྔ་འཕར་དགོས་ལ།    ཡིན་འགོད་བྱས་ནས་ལྔ་བརྩེགས་ན་མདོ་དེ་ལས་རྣམ་མཁྱེན་དྲུག་འཕར་དགོས་པ་སོགས་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར།

    ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    ཡིན་པར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་ཐེབས་ཟེར་ན།    དེ་ལ་འདོད་ལན་མི་ཐེབས་པ་ཡིན་པར་ཐལ།    དེ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་ཐལ།    རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་རྣམ་མཁྱེན་གྱི་གཞལ་བྱ་མ་ཡིན་པའི་ཕྱིར།    མ་གྲུབ་ན།    རྣམ་མཁྱེན་རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་རྣམ་མཁྱེན་གྱི་གཞལ་བྱ་མ་ཡིན་པར་ཐལ།    རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པའི་ཕྱིར།    མ་གྲུབ་ན།    རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་ཐལ།    རྣམ་མཁྱེན་རྣམ་མཁྱེན་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པའི་ཕྱིར།    མ་གྲུབ་ན།    རྣམ་མཁྱེན་རྣམ་མཁྱེན་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    རྣམ་མཁྱེན་མ་ཡིན་པར་རྣམ་མཁྱེན་གྱི་གཞལ་བྱ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་ཐེབས་ཟེར་ན་དེ་ལ་འདོད་ལན་མི་ཐེབས་པར་ཐལ།    དེ་འདྲ་བའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་ཐལ།    རྣམ་མཁྱེན་རྣམ་མཁྱེན་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྣམ་མཁྱེན་གྱི་གཞལ་བྱ་མ་ཡིན་པའི་ཕྱིར།    མ་གྲུབ་ན།    རྣམ་མཁྱེན་རྣམ་མཁྱེན་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྣམ་མཁྱེན་གྱི་གཞལ་བྱ་མ་ཡིན་པར་ཐལ།    རྣམ་མཁྱེན་རྣམ་མཁྱེན་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པའི་ཕྱིར།    མ་གྲུབ་ན།    རྣམ་མཁྱེན་རྣམ་མཁྱེན་མ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    རྣམ་མཁྱེན་མ་ཡིན་པར་རྣམ་མཁྱེན་གྱི་གཞལ་བྱ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    ཡིན་པར་རྟོགས་པའི་ཚད་མའི་དགག་གཞི་ཡིན་པར་ཐལ།    ཡོད་པ་གང་ཞིག །   མ་ཡིན་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་མི་ཐེབས་ཟེར་ན།    དེ་ཐེབས་པ་ཡིན་པར་ཐལ།    དེ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མའི་དགག་གཞི་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མའི་དགག་གཞི་ཡིན་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མའི་དགག་གཞི་ཡིན་པར་ཐལ།    རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་རྣམ་མཁྱེན་གྱི་དགག་བྱ་ཡིན་པའི་ཕྱིར།    བྱས་པ་ལ་ཁོ་ན་རེ།    རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མའི་དགག་གཞི་མ་ཡིན་པར་ཐལ།    རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ཟེར་ན་རྩོད་གཞི་མེད་པས་ཁྱབ་པ་གཤོག་མ་ཚང་ཞེས་ལན་འདེབས།

    ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་མེད་པར་ཐལ།    རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མའི་དགག་གཞི་ཡིན་པའི་ཕྱིར་ཟེར་ན་སྦྱོར་ལུགས་སྐྱོན་ཅན་གྱི་ལན་འདེབས།    དེ་ལ་འདོད་ལན་མི་ཐེབས་པ་ཡིན་ཏེ།    དེ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་མེད་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    དེ་ལ་འདོད་ལན་བཏབ་པས་དེ་ལྟར་དུ་རྩི་རིགས་པར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོ་ཡིན་པར་རྟོགས་པའི་ཚད་མ་མེད་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དངོས་པོ་ཡིན་པར་རྟོགས་པའི་ཚད་མ་མེད་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེ་གཉིས་ཀྱི་རྩི་ཚུལ་ལ་མི་འདྲ་བའི་ཁྱད་པར་མེད་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    དེ་ལ་འདོད་ལན་བཏབ་པས་དེ་ལྟར་དུ་རྩི་རིགས་པར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོ་ཡིན་པར་རྟོགས་པའི་ཚད་མ་ཡོད་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དངོས་པོ་ཡིན་པར་རྟོགས་པའི་ཚད་མ་ཡོད་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་ཡོད་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར། 

   ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་ཟེར་ན།    དེ་མི་རིགས་པར་ཐལ།    དེ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོ་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    དེ་ལ་འདོད་ལན་བཏབ་པས་དེ་ལྟར་དུ་རྩི་རིགས་པ་ཡིན་པར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེ་གཉིས་ཀྱི་རྩི་ཚུལ་ལ་མི་འདྲ་བའི་ཁྱད་པར་མེད་པའི་ཕྱིར།

    ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་དང་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་གཉིས་ཀ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་དང་རྣམ་མཁྱེན་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་གཉིས་ཀ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པར་ཐལ།    རྣམ་མཁྱེན་ཆོས་ཅན།    ཡིན་པར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་དང་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྟོགས་པའི་ཚད་མ་གཉིས་ཀ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་དང་རྣམ་མཁྱེན་རྣམ་མཁྱེན་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྟོགས་པའི་ཚད་མ་གཉིས་ཀ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་གྲུབ་པ་ཡིན་ཏེ།    རྣམ་མཁྱེན་ཆོས་ཅན།    ཡིན་པར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་དང་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྟོགས་པའི་ཚད་མ་གཉིས་ཀ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་ཡིན་པར་རྟོགས་པའི་ཚད་མ་ཡིན་པར་རྟོགས་པའི་ཚད་མ་དང་རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྟོགས་པའི་ཚད་མ་མ་ཡིན་པར་རྟོགས་པའི་ཚད་མ་གཉིས་ཀ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    རྩ་བར་འདོད་མི་ནུས་ཏེ།    དེ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་དང་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་གཉིས་ཀ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་དང་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་གཉིས་ཀ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་དང་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་གཉིས་ཀ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་གྱིས་རྩོད་གཞི་བྱས་ནས་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མའི་བར་དང་སྒྲས་མ་ཆོད་པར་ཡིན་འགོད་བྱས་ན་མགོ་དེ་ལས་རྣམ་མཁྱེན་གཉིས་ལས་ལྷག་འཕར་མི་དགོས་པ་སྔར་བཤད་ཟིན་པ་ལྟར་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་དང་ཡོད་པར་རྟོགས་པའི་ཚད་མ་གཉིས་ཀ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་མགོ་དེ་ལས་རྣམ་མཁྱེན་གསུམ་འཕར་ནས་རྩི་རིགས་པ་ཡིན་པར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་དང་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་མགོ་དེ་ལས་རྣམ་མཁྱེན་གསུམ་འཕར་ནས་རྩི་རིགས་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་གྲུབ་པ་ཡིན་ཏེ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་དང་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་དང་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།    གཅིག་ཏུ་རྟོགས་པའི་ཚད་མ་དང་ཐ་དད་དུ་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་གཅིག་ཏུ་རྟོགས་པའི་ཚད་མ་དང་ཐ་དད་དུ་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་ཤིང་འདོད་ལན་ཡང་ཐེབས་པ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།    གཅིག་ཏུ་རྟོགས་པའི་ཚད་མ་དང་གཅིག་ཏུ་རྟོགས་པའི་ཚད་མའི་དགག་གཞི་ཡིན་པར་ཐལ།    གཅིག་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དེ་རྣམ་མཁྱེན་རྣམ་མཁྱེན་གཅིག་ཏུ་རྟོགས་པའི་ཚད་མ་དང་གཅིག་ཏུ་རྟོགས་པའི་ཚད་མའི་དགག་གཞི་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར།

    ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    གཅིག་ཏུ་རྟོགས་པའི་ཚད་མ་དང་གཅིག་ཏུ་རྟོགས་པའི་ཚད་མ་ཡོད་པར་ཐལ།    གཅིག་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་ཐེབས་པ་ཡིན་པར་ཐལ།    རྣམ་མཁྱེན་ཆོས་ཅན།    གཅིག་ཏུ་རྟོགས་པའི་ཚད་མ་དང་གཅིག་ཏུ་རྟོགས་པའི་ཚད་མ་གཉིས་ཀ་ཡོད་པར་ཐལ།    གཅིག་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་ཐེབས་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་མི་ནུས་ཏེ།    དེ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་གཅིག་ཏུ་རྟོགས་པའི་ཚད་མ་དང་གཅིག་ཏུ་རྟོགས་པའི་ཚད་མ་ཡོད་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   རྣམ་མཁྱེན་རྣམ་མཁྱེན་གཅིག་ཏུ་རྟོགས་པའི་ཚད་མ་དང་གཅིག་ཏུ་རྟོགས་པའི་ཚད་མ་མེད་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་རྣམ་མཁྱེན་གཅིག་ཏུ་རྟོགས་པའི་ཚད་མ་དང་གཅིག་མ་ཡིན་པའི་ཕྱིར།    གོང་གི་མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཟེར་ན།    རྣམ་མཁྱེན་ཆོས་ཅན།    གཅིག་ཏུ་རྟོགས་པའི་ཚད་མ་དང་གཅིག་ཏུ་རྟོགས་པའི་ཚད་མ་གཉིས་ཀ་ཡོད་པར་ཐལ།    གཅིག་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་ཐེབས་པ་ཡིན་པར་ཐལ༑ དེ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་གཅིག་ཏུ་རྟོགས་པའི་ཚད་མ་དང་རྣམ་མཁྱེན་གཅིག་ཏུ་རྟོགས་པའི་ཚད་མ་གཉིས་ཀ་ཡོད་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེ་གཉིས་ཀ་ཡོད་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།   དངོས་པོར་རྟོགས་པའི་ཚད་མ་དང་ཡོད་པར་རྟོགས་པའི་ཚད་མ་གཉིས་ཀ་ཡོད་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་དང་རྣམ་མཁྱེན་ཡོད་པར་རྟོགས་པའི་ཚད་མ་གཉིས་ཀ་ཡོད་པར་འདོད་ཅེས་རྩི་རིགས་ཤིང་འདོད་ལན་ཡང་ཐེབས་པ་ཡིན་པའི་ཕྱིར། 

   གཞན་ཡང་།    རྣམ་མཁྱེན་ཆོས་ཅན།    གཅིག་ཏུ་རྟོགས་པའི་ཚད་མ་དང་གཅིག་ཏུ་རྟོགས་པའི་ཚད་མ་མེད་པར་ཐལ།    གཅིག་ཏུ་རྟོགས་པའི་ཚད་མ་དང་ཐ་དད་དུ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར།    མ་གྲུབ་ན།    རྣམ་མཁྱེན་ཆོས་ཅན།    གཅིག་ཏུ་རྟོགས་པའི་ཚད་མ་དང་ཐ་དད་དུ་རྟོགས་པའི་ཚད་མ་ཡོད་པར་ཐལ།    གཅིག་ཏུ་རྟོགས་པའི་ཚད་མ་དང་ཐ་དད་ཡིན་པའི་ཕྱིར།    མ་གྲུབ་ན།    རྣམ་མཁྱེན་ཆོས་ཅན།    གཅིག་ཏུ་རྟོགས་པའི་ཚད་མ་དང་ཐ་དད་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར། 

   ཁ་ཅིག་ན་རེ།    གཅིག་ཏུ་རྟོགས་པའི་ཚད་མ་ཆོས་ཅན།    གཅིག་ཏུ་རྟོགས་པའི་ཚད་མ་དང་ཐ་དད་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར།    ཁྱབ་པ་ཁས་ཟེར་ན།   འདོད་ལན་ཐེབས་པ་ཡིན་ཏེ།    རྩི་བའི་ཚེ་ན།    གཅིག་ཏུ་རྟོགས་པའི་ཚད་མ་དེ་གཅིག་ཏུ་རྟོགས་པའི་ཚད་མ་གཅིག་ཏུ་རྟོགས་པའི་ཚད་མ་དང་ཐ་དད་ཡིན་པར་འདོད་ཅེས་རྩི་རིགས་ཤིང་འདོད་ལན་ཡང་ཐེབས་པ་ཡིན་པའི་ཕྱིར།    བྱས་པ་ལ་ཁོ་ན་རེ།    གཅིགཏུ་རྟོགས་པའི་ཚད་མ་ཆོས་ཅན།    ཁྱོད་ཁྱོད་དང་ཐ་དད་མ་ཡིན་པར་ཐལ།    ཁྱོད་གཞི་གྲུབ་པའི་ཕྱིར་ཟེར་ན།    འདོད་ལན་ཐེབས་པ་ཡིན་ཏེ།    རྩི་བའི་ཚེ་ན་གཅིག་ཏུ་རྟོགས་པའི་ཚད་མ་གཅིག་ཏུ་རྟོགས་པའི་ཚད་མ་དང་ཐ་དད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    བུམ་པའི་དགག་གཞི་ཆོས་ཅན།    ཁྱོད་བུམ་པའི་དགག་གཞི་ཡིན་པར་ཐལ།    ཁྱོད་ཡོད་པ་གང་ཞིག །   བུམ་པ་མེད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་པ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་བུམ་པའི་དགག་གཞི་ཡིན་པར་འདོད་ཅེས་རྩི་རིགས་ཤིང་འདོད་ལན་ཐེབས་ཟེར་ན།    འོ་ན་བུམ་པའི་དགག་གཞི་བུམ་པའི་དགག་གཞི་ཡིན་པར་ཐལ།    ཁྱོད་ཀྱིས་རྩི་ཚུལ་འཐད་པའི་ཕྱིར།    འདོད་ན།    བུམ་པའི་དགགགཞིས་བུམ་པ་བཀག་པར་ཐལ།    བུམ་པའི་དགག་གཞི་བུམ་པའི་དགག་གཞི་ཡིན་པའི་ཕྱིར།    འདོད་ན།    བུམ་པའི་དགག་གཞིས་བུམ་པ་སྐྱེས་པ་བཀག་པར་ཐལ།    བུམ་པའི་དགག་གཞིས་བུམ་པ་བཀག་པའི་ཕྱིར།    འདོད་ན།    བུམ་པ་ཆོས་ཅན།    ཁྱོད་མ་སྐྱེས་པར་ཐལ།    བུམ་པའི་དགག་གཞིས་ཁྱོད་སྐྱེས་པ་བཀག་པའི་ཕྱིར།    རྟགས་ཁས།    འདོད་མི་ནུས་ཏེ།    ཁྱོད་དངོས་པོ་ཡིན་པའི་ཕྱིར། 

   ཁ་ཅིག་གིས།    དེ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་བུམ་པའི་དགག་གཞི་ཡིན་པར་འདོད་ཅེས་རྩི་རིགས་ཤིང་འདོད་ལན་ཐེབས་ཟེར་ན།    འོ་ན།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་བུམ་པའི་དགག་གཞི་ཡིན་པར་ཐལ།    ཁྱོད་ཀྱིས་རྩི་རིགས་པ་དང་འདོད་ལན་ཐེབས་པ་གཉིས་ཀ་ཡིན་པའི་ཕྱིར།    འདོད་ན།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞིས་བུམ་པ་བཀག་པར་ཐལ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་བུམ་པའི་དགག་གཞི་ཡིན་པའི་ཕྱིར།    འདོད་ན།    བུམ་པའི་དགགགཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞིས་བུམ་པ་སྐྱེས་པ་བཀག་པར་ཐལ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞིས་བུམ་པ་བཀག་པའི་ཕྱིར།    འདོད་མི་ནུས་ཏེ།    བུམ་པ་སྐྱེས་པ་ཡིན་པའི་ཕྱིར། 

   གཞན་ཡང་།    བུམ་པའི་དགག་གཞི་ཆོས་ཅན།    ཁྱོད་བུམ་པའི་དགག་གཞི་ཡིན་པར་ཐལ།    ཁྱོད་ཡོད་པ་གང་ཞིག །   བུམ་པ་མེད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་འདེབས་ཚུལ་དེ་དག་མི་འཐད་པ་ཡིན་པར་ཐལ།    དེ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པའི་དགག་གཞི་ཆོས་ཅན།    ཀྭ་བའི་དགག་གཞི་མ་ཡིན་པར་ཐལ།    ཀྭ་བ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཀྭ་བའི་དགག་གཞི་མ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པའི་དགག་གཞི་ཆོས་ཅན།    ཤེས་བྱ་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཤེས་བྱ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན།    བུམ་པ་དང་རྫས་ཐ་དད་ཡིན་པར་ཐལ།    རྫས་ཡིན་པ་གང་ཞིག །   བུམ་པ་དང་རྫས་གཅིག་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་མི་ནུས་ཏེ།    དེ་ལ་འདོད་ལན་བཏབ་པས་བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན་གྱི་སྟེང་དུ་བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས།    བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན་གྱི་སྟེང་དུ་བུམ་པ་དང་རྫས་ཐ་དད་ཡིན་པར་འདོད་ཅེས་རྩི་རིགས་ཤིང་འདོད་ལན་མི་ཐེབས་པ་དེ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན་གྱི་སྟེང་དུ་བུམ་པ་རྫས་མ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན་གྱི་སྟེང་དུ་བུམ་པ་ཚད་མས་མ་དམིགས་པའི་ཕྱིར།    དེར་ཐལ།    བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན་གྱི་སྟེང་དུ་བུམ་པ་མེད་པའི་ཕྱིར། 

   ཁ་ཅིག་ན་རེ།    ཀྭ་བུམ་གཉིས་ཀྱི་དགག་གཞི་ཆོས་ཅན།    བུམ་པའི་དགག་གཞི་ཡིན་པར་ཐལ།    ཀྭ་བུམ་གཉིས་ཀའི་དགག་གཞི་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་ན།    ཀྭ་བུམ་གཉིས་ཀའི་དགག་གཞི་ཡིན་ན་བུམ་པའི་དགག་གཞི་ཡིན་པས་ཁྱབ་པར་ཐལ།    ཀྭ་བུམ་གཉིས་ཀའི་དགག་གཞི་བུམ་པའི་དགག་གཞི་ཡིན་པའི་ཕྱིར།    འདོད་ན།    ཀྭ་བའི་དགག་གཞི་ཆོས་ཅན།    བུམ་པའི་དགག་གཞི་ཡིན་པར་ཐལ།    ཀྭ་བུམ་གཉིས་ཀའི་དགག་གཞི་ཡིན་པའི་ཕྱིར།    ཁྱབ་པ་ཁས།    འདོད་ན།    ཀ་པའི་དགག་གཞི་ཆོས་ཅན།    བུམ་པའི་དགག་གཞི་མ་ཡིན་པར་ཐལ།    བུམ་པ་ཡོད་པའི་ཕྱིར།    མ་གྲུབ་ན།    ཀྭ་བ་མེད་ན་བུམ་པ་མེད་པས་ཁྱབ་པར་ཐལ།    ཀྭ་བའི་དགག་གཞི་ཡིན་ན་བུམ་པའི་དགག་གཞི་ཡིན་པས་ཁྱབ་པའི་ཕྱིར།    དེར་ཐལ།    ཀྭ་བའི་དགག་གཞི་བུམ་པའི་དགག་གཞི་ཡིན་པའི་ཕྱིར།    རྟགས་ཁས།    བྱས་པ་ལ་ཁོ་ན་རེ།    ཀྭ་བའི་དགག་གཞི་ཆོས་ཅན།    བུམ་པའི་དགག་གཞི་ཡིན་པར་ཐལ།    ཀྭ་བུམ་གཉིས་ཀའི་དགག་གཞི་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    མ་གྲུབ་ན།    ཀྭ་བའི་དགག་གཞི་ཆོས་ཅན།    ཀྭ་བུམ་གཉིས་ཀའི་དགག་གཞི་ཡིན་པར་ཐལ།    ཁྱོད་ཡོད་པ་གང་ཞིག །   ཀྭ་བུམ་གཉིས་མེད་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    ཀྭ་བའི་དགག་གཞི་ཆོས་ཅན།    ཀྭ་བུམ་གཉིས་མེད་པར་ཐལ།    ཀྭ་བ་མེད་པའི་ཕྱིར།    མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ།    ཀྭ་བུམ་གཉིས་ཡོད་པ་ལ་ཀྭ་བ་ཡོད་དགོས་པའི་ཕྱིར།

    ཁ་ཅིག་ན་རེ།    ཀྭ་བུམ་གཉིས་ཀྱི་དགག་གཞི་ཆོས་ཅན།    ཀྭ་བུམ་གཉིས་ཀའི་དགག་གཞི་མ་ཡིན་པར་ཐལ།    ཀྭ་བུམ་གཉིས་ཡོད་པའི་ཕྱིར།    མ་གྲུབ་ན།    ཀྭ་བུམ་གཉིས་ཀའི་དགག་གཞི་ཆོས་ཅན།    ཀྭ་བུམ་གཉིས་ཡོད་པར་ཐལ།    བུམ་པ་ཡོད་པ་གང་ཞིག །   ཀྭ་བ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་དང་པོ་མ་གྲུབ་ན།    ཀྭ་བུམ་གཉིས་ཀའི་དགག་གཞི་ཆོས་ཅན།    བུམ་པ་ཡོད་པར་ཐལ།    བུམ་པའི་དགག་གཞི་མ་ཡིན་པའི་ཕྱིར།    རྟགས་གཉིས་པ་མ་གྲུབ་ན།    ཀྭ་བུམ་གཉིས་ཀའི་དགག་གཞི་ཆོས་ཅན།    ཀྭ་བ་ཡོད་པར་ཐལ།    ཀྭ་བའི་དགག་གཞི་མ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཤེས་བྱ་ཆོས་ཅན།   ཁྱོད་བུམ་པའི་དགག་གཞི་ཡིན་པར་ཐལ།    ཁྱོད་ཡོད་པ་གང་ཞིག །   བུམ་པ་མེད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་མི་ཐེབས་ཟེར་ན།    དེ་ཐེབས་པར་ཐལ།    དེ་ལ་འདོད་ལན་བཏབ་པའི་ཚེ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཤེས་བྱ་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཤེས་བྱ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཤེས་བྱ་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཡིན་པར་འདོད་ཅེས་རྩི་རིགས་ཞིང་འདོད་ལན་ཡང་ཐབས་པ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    དེ་ལ་འདོད་ལན་བཏབ་པས་དེ་ལྟར་དུ་རྩི་རིགས་པར་ཐལ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཤེས་བྱ་ཆོས་ཅན།    རྟག་པ་ཡིན་པར་ཐལ།    ཡོད་པ་གང་ཞིག །   དངོས་པོ་མ་ཡིན་པའི་ཕྱིར་ཞེས་བའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལྡན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཤེས་བྱ་ཆོས་ཅན་གྱི་སྟེན་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཤེས་བྱ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཤེ་བྱ་ཆོས་ཅན་གྱི་སྟེང་དུ་རྟག་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཤེས་བྱ་ཆོས་ཅན།    ཡོད་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པའི་ཚེ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཤེས་བྱ་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཤེས་བྱ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཤེས་བྱ་ཆོས་ཅན་གྱི་སྟེང་དུ་ཡོད་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། 

   ཁ་ཅིགན་རེ༑ བུམ་པའི་དགག་གཞི་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ།    ཁྱོད་གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པའི་ཚེ་བུམ་པའི་དགག་གཞི་བུམ་པའི་དགག་གཞི་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་ཟེར་ན།    དེ་མི་རིགས་པར་ཐལ།    དེ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་།   བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    དེར་ཐལ།    བུམ་པའི་དགག་གཞི་ཆོས་ཅན།    ཁྱོད་བུམ་པའི་དགག་གཞི་ཡིན་པར་ཐལ།    ཁྱོད་ཡོད་པ་གང་ཞིག །   བུམ་པ་མེད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར།

    ཁ་ཅིག་ན་རེ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་མི་ཐེབས་ཟེར་ན།    དེ་ཐེབས་པར་ཐལ།    དེ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་རྣམ་མཁྱེན་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་རྣམ་མཁྱེན།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་རྣམ་མཁྱེན་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་རྣམ་མཁྱེན།    དངོས་པོར་རྟོགས་པའི་ཚད་མ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེ་ལྟར་བརྩིས་པས་འདོད་ལན་ཡང་ཐེབས་པ་ཡིན་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    དེ་ལ་འདོད་ལན་བཏབ་པས་དེ་ལྟར་དུ་རྩི་རིགས་པར་ཐལ།    རྣམ་མཁྱེན་ཆོས་ཅན།    དངོས་པོར་རྟོགས་པའི་ཚད་མ་ཡིན་པར་ཐལ།    ཚད་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་རྣམ་མཁྱེན་དངོས་པོར་རྟོགས་པའི་ཚད་མ་ཡིན་བར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེ་གཉིས་ཀྱི་རྩི་ཚུལ་ལ་མི་འདྲ་བའི་ཁྱད་པར་མེད་པའི་ཕྱིར། 

   གཞན་ཡང་།    དེ་ལ་འདོད་ལན་བཏབ་པས་དེ་ལྟར་དུ་རྩི་རིགས་པ་ཡིན་པར་ཐལ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་རྣམ་མཁྱེན་ཆོས་ཅན།    རྟག་པར་རྟོགས་པའི་ཚད་མའི་དགག་གཞི་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པའི་ཚེ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་རྣམ་མཁྱེན་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགགགཞི་ཆོས་ཅན་གྱི་སྟེང་དུ་རྣམ་མཁྱེན།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་རྣམ་མཁྱེན་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་རྣམ་མཁྱེན་རྟག་པར་རྟོགས་པའི་ཚད་མའི་དགག་གཞི་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་རྣམ་མཁྱེན་ཆོས་ཅན།    རྟག་པར་རྟོགས་པའི་ཚད་མ་མེད་པར་ཐལ།    རྟག་པར་རྟོགས་པའི་ཚད་མའི་དགག་གཞི་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་གདུ་རྣམ་མཁྱེན་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་རྣམ་མཁྱེན་རྟག་པར་རྟོགས་པའི་ཚད་མ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་རྣམ་མཁྱེན་ཆོས་ཅན་གྱི་སྟེང་དུ་མེད་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པའི་དགག་གཞི་ཆོས་ཅན།    ཡོད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ།    ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཡོད་པར་རྟོགས་པའི་ཚད་མ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཡོད་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར། 

   ཁ་ཅིག་ན་རེ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན།    ཀྭ་བའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན།    རྟག་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལྡན་འདེབས་ཚུལ་མེད་ཟེར་ན།    དེ་ཡོད་པར་ཐལ།    དེ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་ཀྭ་བའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་རྟག་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    མ་གྲུབ་ན།    ཁྱོད་ཆོས་ཅན།    དེ་ལ་འདོད་ལན་བཏབ་པས་དེ་ལྟར་དུ་རྩི་རིགས་པར་ཐལ།    བུམ་པའི་དགག་གཞི་ཆོས་ཅན།    ཀྭ་བའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན།    རྟག་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལྡན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཀྭ་བའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་རྟག་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།   ། 

                                                                                                                                                                                     རྩོམ་སྒྲིག་པ།     བློ་བཟང་བཀྲ་ཤིས།

བརྒྱུད་འགོད།
0