བསེ་བསྡུས་ལས་ཐལ་འགྱུར་ཆུང་ངུའི་རྣམ་བཞག

སྤེལ་དུས།  2021-09-20   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  བསེ་ངག་དབང་བཀྲ་ཤིས།   ཀློག་གྲངས།  

  ཐལ་འགྱུར་ཆུང་ངུའི་རྣམ་བཞག་བཤད་པ་ལ། 

         ཐལ་འགྱུར་ལ་འགོད་ཚུལ་གྱི་སྒོ་ནས་དབྱེ་ན་ལྔ་ཡོད་དེ།    རྩོད་གཞི་རྟགས་གསལ་དང་བཅས་པའི་ཐལ་འགྱུར་དང་།    ཆོས་ཅན་དུ་མ་སྤུང་བའི་ཐལ་འགྱུར་འགོད་ཚུལ་དང་།    གསལ་སྤུང་གི་ཐལ་འགྱུར་འགོད་ཚུལ་དང་།    རྟགས་སྤུང་གི་ཐལ་འགྱུར་འགོད་ཚུལ་དང་།    སྤུབས་འཚང་གི་ཐལ་འགྱུར་འགོད་ཚུལ་དང་ལྔ་ཡོད་པའི་ཕྱིར།    དང་པོ་ལ།    རྩོད་གཞི་རྟགས་གསལ་དང་བཅས་པའི་ཐལ་འགྱུར་བཞག་ཏུ་ཡོད་དེ།    སྒྲ་ཆོས་ཅན།    མི་རྟག་པ་ཡིན་པར་ཐལ།    བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར།    ཆོས་ཅན་དུ་མ་སྤུང་བའི་ཐལ་འགྱུར་འགོད་ཚུལ་ཡོད་དེ།    གཟུགས་ཆོས་ཅན།    སྒྲ་ཆོས་ཅན།    ཀྭ་བ་ཆོས་ཅན།    བུམ་པ་ཆོས་ཅན།    མི་རྟག་པ་ཡིན་པར་ཐལ།    བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར།   གསལ་སྤུང་གི་ཐལ་འགྱུར་འགོད་ཚུལ་ཡོད་དེ།    སྒྲ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    བྱས་པ་ཡིན་པར་ཐལ།    མི་རྟག་པ་ཡིན་པར་ཐལ།    སྐད་ཅིག་མ་ཡིན་པར་ཐལ།    དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར།    རྟགས་སྤུང་གི་ཐལ་འགྱུར་འགོད་ཚུལ་ཡོད་དེ།    སྒྲ་ཆོས་ཅན།    མ་བྱས་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར།    ཆོས་དང་ཀྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར།    འདུས་མ་བྱས་ཀྱི་ཆོས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར།   སྤུབས་འཚང་གི་ཐལ་འགྱུར་ལ་དབྱེ་ན་གཉིས་ཡོད་དེ།    ཆོས་ཅན་སྤུབས་འཚང་གི་ཐལ་འགྱུར་འགོད་ཚུལ་དང་།    གསལ་བ་སྤུབས་འཚང་གི་ཐལ་འགྱུར་འགོད་ཚུལ་གཉིས་ཡོད་པའི་ཕྱིར།    དང་པོ་ཆོས་ཅན་སྤུབས་འཚང་གི་ཐལ་འགྱུར་འགོད་ཚུལ་ཡོད་དེ།    གཟུགས་ཆོས་ཅན།    སྒྲ་ཆོས་ཅན།    རྣམ་མཁྱེན་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ།   བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར།    གཉིས་པ་གསལ་བ་སྤུབས་འཚང་གི་ཐལ་འགྱུར་འགོད་ཚུལ་ཡོད་དེ།    སྒྲ་ཆོས་ཅན།    ཤེས་བྱ་ཡིན་པར་ཐལ།    ཡོད་པ་ཡིན་པར་ཐལ།    ཚད་མས་དམིགས་པ་ཡིན་པར་ཐལ།    བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཡིན་པའི་ཕྱིར།    དེར་ཐལ།    དེ་འདྲའི་ཐལ་འགྱུར་གྱི་རྟགས་ཀྱི་ཕྱིར་སྒྲ་སྔ་མ་སྔ་མས་གསལ་བ་ཕྱི་མ་ཕྱི་མ་རིམ་གྱིས་སྦུབས་སུ་དྲངས་ནས་ཤེས་བྱ་ཡིན་པར་ཐལ།    གསལ་བར་ལུས་པ་ཡིན་པའི་ཕྱིར།    དེར་ཐལ།    ཐལ་འགྱུར་དེའི་རྟགས་གསལ་རྩོད་གཞི་གསུམ་ག་ངོས་འཛིན་པའི་ཚེ་ན།    སྒྲས་རྩོད་གཞི།    ཤེས་བྱས་གསལ་བ།    ཡོད་པ་ཡིན་པར་ཐལ་མན་ཆད་རྟགས་ལ་སྦྱོར་དགོས་པའི་ཕྱིར།

    ཁ་ཅིག་ན་རེ།    ཐལ་འགྱུར་ཡིན་ན་རྟགས་གསལ་གཉིས་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་པས་ཁྱབ་ཟེར་ན།    སྒྲ་ཆོས་ཅན།    མི་རྟག་པ་ཡིན་པར་ཐལ།    ཞེས་པའི་ཐལ་འགྱུར་ཆོས་ཅན།    རྟགས་གསལ་གཉིས་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་པར་ཐལ།    ཐལ་འགྱུར་ཡིན་པའི་ཕྱིར།    ཁྱབ་པ་ཁས།    རྟགས་གྲུབ་སྟེ།    རྩོད་གཞི་དང་གསལ་བ་གཉིས་ཀ་ཙམ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར།    རྩ་བར་འདོད་མི་ནུས་ཏེ།    རྟགས་དང་མི་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར།    གཞན་ཡང་།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    རྟགས་གསལ་གཉིས་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་པར་ཐལ།    ཐལ་འགྱུར་ཡིན་པའི་ཕྱིར།    ཁྱབ་པ་ཁས།    རྟགས་གྲུབ་སྟེ།    རྟགས་ཙམ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར།    དེར་ཐལ།    རྟགས་ཙམ་བཀོད་པའི་ཐལ་འགྱུར་ངོས་འཛིན་རྒྱུ་ཡོད་པའི་ཕྱིར།    རྩ་བར་འདོད་མི་ནུས་ཏེ།    གསལ་བ་དང་མི་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་ན།    ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཕན་ཚུན་ཐ་དད་ཡིན་པས་ཁྱབ་ཟེར་ན།    སྒྲ་ཆོས་ཅན།    མ་བྱས་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཕན་ཚུན་ཐ་དད་ཡིན་པར་ཐལ།    ཁྱོད་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར།    ཁྱབ་པ་ཁས།    རྟགས་གྲུབ་སྟེ།    ཁྱོད་སྒྲས་རྩོད་གཞི་དང་།    མ་བྱས་པས་གསལ་བ་དང་།    རྟག་པས་རྟགས་བྱས་པའི་རྟགས་གསལ་གཉིས་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར།    རྩ་བར་འདོད་ན།    སྒྲ་ཆོས་ཅན།    མ་བྱས་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཕན་ཚུན་ཐ་དད་མ་ཡིན་པར་ཐལ།    ཁྱོད་ཀྱི་རྟགས་གསལ་གཉིས་ཀ་མེད་པའི་ཕྱིར།    མ་གྲུབ་ན།    སྒྲ་ཆོས་ཅན།    མ་བྱས་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་རྟགས་གསལ་གཉིས་ཀ་མེད་པར་ཐལ།    ཁྱོད་ཀྱི་རྟགས་གསལ་གཉིས་ཀ་རེ་རེ་ནས་མ་གྲུབ་པ་དེ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    ཐལ་འགྱུར་དེའི་བཀོད་ཚོད་ཀྱི་རྟགས་གྲུབ་ན།    ཐལ་འགྱུར་དེའི་རྟགས་གྲུབ་པས་ཁྱབ་ཟེར་ན།    སྒྲ་ཆོས་ཅན།    ཡོད་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་རྟགས་གྲུབ་པར་ཐལ།    ཁྱོད་ཀྱི་བཀོད་ཚོད་ཀྱི་རྟགས་གྲུབ་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    སྒྲ་ཆོས་ཅན།   ཡོད་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་བཀོད་ཚོད་ཀྱི་རྟགས་གྲུབ་པར་ཐལ།    རྟག་པ་དེ་ཁྱོད་ཀྱི་བཀོད་ཚོད་ཀྱི་རྟགས་ཡིན་པ་གང་ཞིག །   དེ་གྲུབ་པའི་ཕྱིར།    རྟགས་དང་པོ་གྲུབ་པ་ཡིན་ཏེ།    རྟག་པ་དེ་ཁྱོད་ཀྱི་རྟགས་ཡིན་པའི་ཕྱིར།    དེར་ཐལ།    ཁྱོད་ཀྱི་རྟགས་ངོས་འཛིན་རྒྱུ་ཡོད་པའི་ཕྱིར།    རྩ་བར་འདོད་ན།    སྒྲ་ཆོས་ཅན།    ཡོད་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་རྟགས་མ་གྲུབ་པར་ཐལ།    ཁྱོད་ཀྱི་རྟགས་ལ་རྟགས་མ་གྲུབ་ཀྱི་ལན་ཐེབས་པའི་ཕྱིར།    མ་གྲུབ་ན།    སྒྲ་ཆོས་ཅན།    ཡོད་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་རྟགས་ལ་རྟགས་མ་གྲུབ་ཀྱི་ལན་ཐེབས་པར་ཐལ།    ཁྱོད་ཀྱི་རྟགས་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པས་སྒྲ་རྟག་པ་ཡིན་པར་རྟགས་མ་གྲུབ་ཅེས་རྩི་དགོས་ཤིང་སྒྲ་རྟག་པ་མ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    ཐལ་འགྱུར་དེའི་རྟགས་གྲུབ་ན།    ཐལ་འགྱུར་དེའི་བཀོད་ཚོད་ཀྱི་རྟགས་གྲུབ་པས་ཁྱབ་ཟེར་ན།    རི་བོང་རྭ་ཆོས་ཅན།    མེད་པ་ཡིན་པར་ཐལ།    ཚད་མས་མ་དམིགས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་བཀོད་ཚོད་ཀྱི་རྟགས་གྲུབ་པར་ཐལ།    ཁྱོད་ཀྱི་རྟགས་གྲུབ་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    རི་བོང་རྭ་ཆོས་ཅན།    མེད་པ་ཡིན་པར་ཐལ།    ཚད་མས་མི་དམིགས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་རྟགས་གྲུབ་པར་ཐལ།    རི་བོང་རྭ་ཚད་མས་མ་དམིགས་པ་དེ་ཁྱོད་ཀྱི་རྟགས་ཡིན་པ་གང་ཞིག །   དེ་གྲུབ་པའི་ཕྱིར།    དེར་ཐལ།    རི་བོང་རྭ་ཚད་མས་མི་དམིགས་པ་དེ་ཁྱོད་ཀྱི་སོང་ཚོད་ཀྱི་རྟགས་ཡིན་པའི་ཕྱིར།    ཐལ་འགྱུར་གྱི་རྣམ་བཞག་གཏན་ལ་ཕབས་པ་ལ་དགོས་པ་ཡོད་དེ།    ཆོས་ཐམས་ཅད་གཅིག་ཆར་དུ་མངོན་སུམ་དུ་རྟོགས་པའི་མཐར་ཐུག་གི་རྣམ་མཁྱེན་ཐོབ་པར་འགྱུར་པའི་ཆེད་དུ་ཡིན་པའི་ཕྱིར།    རྣམ་མཁྱེན་ཆོས་ཅན།    ཆོས་ཐམས་ཅད་གཅིག་ཆར་དུ་མངོན་སུམ་དུ་རྟོགས་པའི་མཐར་ཐུག་གི་མཁྱེན་པ་ཡིན་ཏེ།    བདེན་གཉིས་ལས།    མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང་།    །   ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན།    ཞེས་གསུངས་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་ན།    ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཐ་མི་དད་ཡིན་པས་ཁྱབ་ཟེར་ན།    རྟག་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཐ་མི་དད་ཡིན་པར་ཐལ།    ཁྱོད་རྟགས་གསལ་ཐ་མི་དད་གྱི་ཐལ་འགྱུར་ཡིན་པའི་ཕྱིར།    ཁྱབ་པ་ཁས།    མ་གྲུབ་ན།    རྟག་པ་ཆོས་ཅན།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།    རྩ་པར་འདོད་ན།    རྟག་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཐ་མི་དད་ཡིན་པར་ཐལ།    ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཕན་ཚུན་ཐ་དད་ཡིན་པའི་ཕྱིར།    རྟགས་སླ།

    ཁ་ཅིག་ན་རེ།    དངོས་པོས་གསལ་བ་དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་ན།    རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པས་ཁྱབ་ཟེར་ན།    སྒྲ་ཆོས་ཅན།    ཡོད་པ་ཡིན་པར་ཐལ།    དངོས་པོས་གསལ་བ་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ།    དངོས་པོས་གསལ་བ་དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར།    ཁྱབ་པ་ཁས།    རྟགས་གྲུབ་སྟེ།    སྒྲས་རྩོད་གཞི་དང་།    ཡོད་པས་གསལ་བ་དང་།    དངོས་པོས་གསལ་བ་དངོས་པོས་རྟགས་བྱས་པའི་རྟགས་གསལ་རྩོད་གཞི་གསུམ་ག་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར།    དེར་ཐལ།    སྒྲས་རྩོད་གཞི།    ཡོད་པས་གསལ་བ།    དངོས་པོས་གསལ་བ་དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ངོས་འཛིན་རྒྱུ་ཡོད་པའི་ཕྱིར།    རྩ་བར་འདོད་ན།    སྒྲ་ཆོས་ཅན།    ཡོད་པ་ཡིན་པར་ཐལ།    དངོས་པོས་གསལ་བ་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་མ་ཡིན་པར་ཐལ།    རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར།    དེར་ཐལ།    སྒྲས་རྩོད་གཞི་དང་།    ཡོད་པས་གསལ་བ་དང་།    དངོས་པོས་གསལ་བ་དངོས་པོ་རྟགས་སུ་བཀོད་པའི་རྟགས་གསལ་རྩོད་གཞི་གསུམ་ག་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    སྒྲས་རྩོད་གཞི་ཡོད་པས་གསལ་བ་དངོས་པོས་གསལ་བ་དངོས་པོ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་ན།   རྩོད་གཞི་རྟགས་གསལ་གསུམ་ག་དང་ལྡན་པའི་ཐལ་འགྱུར་ཡིན་པས་ཁྱབ་ཟེར་ན།    སྒྲས་རྩོད་གཞི་ཡོད་པས་གསལ་བ་དངོས་པོས་གསལ་བ་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    རྩོད་གཞི་རྟགས་གསལ་གསུམ་ག་དང་ལྡན་པའི་ཐལ་འགྱུར་ཡིན་པར་ཐལ།    སྒྲས་རྩོད་གཞི་ཡོད་པས་གསལ་བ་དངོས་པོས་གསལ་བ་དངོས་པོ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར།    འདོད་མི་ནུས་ཏེ།    རྟགས་ཙམ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    དངོས་པོ་ཡིན་པར་ཐལ།   དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་ན།    དངོས་པོ་དང་གཅིག་ཡིན་པས་ཁྱབ་ཟེར་ན།    རྟག་པ་ཆོས་ཅན།    དངོས་པོ་དང་གཅིག་ཡིན་པར་ཐལ།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པའི་ཕྱིར༑ ཁྱབ་པ་ཁས།    མ་གྲུབ་ན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པར་ཐལ།    དངོས་པོ་ཡོད་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པའི་ཕྱིར།    མ་གྲུབ་ན།    དངོས་པོ་ཡོད་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པར་ཐལ།    ཡོད་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་འཇོག་པའི་ཚེ་ན།    དངོས་པོ་དེ་འཇོག་དགོས་པའི་ཕྱིར།    དེར་ཐལ།    ཡོད་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ངོས་འཛིན་ཚུལ་ཡོད་པའི་ཕྱིར།

    ཁ་ཅིག་ན་རེ།    བུམ་པ་ཆོས་ཅན་ཡིན་པར་ཐལ།    བུམ་པ་ཆོས་ཅན་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་ཟེར་ན།    བུམ་པ་ཆོས་ཅན་ཡིན་པར་ཐལ།    བུམ་པ་ཆོས་ཅན་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    རྟགས་གསལ་ཐ་མི་དང་ཀྱི་ཐལ་འགྱུར་མ་ཡིན་པར་ཐལ།    རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར།    དེར་ཐལ།    བུམ་པས་རྩོད་གཞི་ཡིན་པས་གསལ་བ་བུམ་པ་ཆོས་ཅན་གྱིས་རྟགས་བྱས་པའི་རྟགས་གསལ་གཉིས་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར།    དེར་ཐལ།    བུམ་པ་ཆོས་ཅན་ཡོད་པར་ཐལ།    བུམ་པ་ཆོས་ཅན་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་བུམ་པས་རྩོད་གཞི་ཡོད་པས་གསལ་བ་བུམ་པ་ཆོས་ཅན་ཡོད་པས་རྟགས་བྱས་པའི་ཐལ་འགྱུར་ཡིན་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར། 

   ཁ་ཅིག་ན་རེ།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡོད་པའི་ཕྱིར།    མ་གྲུབ་ན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡོད་པར་ཐལ།    དངོས་པོ་དེ་ཐལ་འགྱུར་དེའི་རྟགས་ཡིན་པ་གང་ཞིག །   དེ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་མ་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར།    བྱས་པ་ལ་ཁོ་ན་རེ།    སྒྲ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་མ་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཟེར་ན་འགལ་ཁྱབ་ལ་འཕུང་བྱས་པ་ལ་དངོས་འགལ་དུ་འགྲོ་ཟེར་ན།    མི་འགྲོ་སྟེ།    བདག་མེད་ཡིན་ན་དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་མ་གྲུབ་པས་ཁྱབ་ཀྱང་།    བདག་མེད་ཡིན་ན།   སྒྲ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པས་ཁྱབ་པའི་ཕྱིར།    དེར་ཐལ།    བདག་མེད་ཡིན་ན།    སྒྲ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ལ་རྟགས་མ་གྲུབ་ཀྱི་ལན་མི་ཐེབས་པས་ཁྱབ་པའི་ཕྱིར། 

   ཁ་ཅིག་ན་རེ།    བུམ་པ་ཆོས་ཅན་དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་མ་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར་བྱས་པ་ལ་ཁ་ཅིག་གིས་དེ་འགལ་ཁྱབ་ལ་འཕུང་ཟེར་ན།    འོ་ན།    བདག་མེད་ཡིན་ན་བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པས་ཁྱབ་པར་ཐལ།    སྔ་མ་འགལ་ཁྱབ་ལ་འཕུལ་རིགས་པ་དེའི་ཕྱིར།    འདོད་ན།    བུམ་པའི་དགག་གཞི་ཆོས་ཅན།    བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར།    ཁྱབ་པ་ཁས།    འདོད་མི་ནུས་ཏེ།    དེ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པ་ཆོས་ཅན།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་དངོས་པོ་ཡིན་པར་ཐལ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེ་འདྲ་བའི་ཐལ་འགྱུར་གྱི་རྟགས་མ་གྲུབ་པའི་ཕྱིར།

    གཞན་ཡང་།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་མ་གྲུབ་པར་ཐལ།    རྟག་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པའི་ཕྱིར།    མ་གྲུབ་ན།   རྟག་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར།    བྱས་པ་ལ་ཁོ་ན་རེ་སྒྲ་ཆོས་ཅན།    རྟག་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཟེར་ན་དེ་འགལ་ཁྱབ་ལ་འཕུང་རིགས་པ་ཡིན་ཏེ།    བདག་མེད་ཡིན་ན་རྟག་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པས་ཁྱབ་ཀྱང་།    བདག་མེད་ཡིན་ན་སྒྲ་ཆོས་ཅན།    རྟག་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་མ་གྲུབ་པས་ཁྱབ་པ་དེ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ།    རྣམ་མཁྱེན་ཆོས་ཅན།    བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་མི་ནུས་ཏེ།    དེ་ལ་འདོད་ལན་བཏབ་པས་བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་མ་ཡིན་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་མ་ཡིན་པར་ཐལ།    དེ་འདྲ་བའི་ཐལ་འགྱུར་དེ་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར།    དེར་ཐལ།    དེ་འདྲ་བའི་ཐལ་འགྱུར་དེ་དངོས་པོས་གསལ་བ་དང་དངོས་པོས་རྟགས་བྱས་པའི་རྟགས་གསལ་གཉིས་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར།    མ་ཁྱབ་ཟེར་ན།    དངོས་པོ་ཆོས་ཅན་ཁྱོད་ཀྱིས་གསལ་བ་དང་ཁྱོད་ཀྱིས་རྟགས་བྱས་པའི་རྟགས་གསལ་གཉིས་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་ན།    རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ།    ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།    གོང་གི་མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཀྱི་ལན་མི་ཐེབས་པ་ཡིན་ཏེ།    དེ་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པས།    རྣམ་མཁྱེན་ཆོས་ཅན།    བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པར་རྟགས་མ་གྲུབ་ཅེས་རྩི་དགོས་ཤིང་།    རྣམ་མཁྱེན་ཆོས་ཅན།    བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    ཁྱོད་ཆོས་ཅན།   རྣམ་མཁྱེན་ཆོས་ཅན།    བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ།    དེ་འདྲ་བའི་ཐལ་འགྱུར་དེ་རྣམ་མཁྱེན་གྱིས་རྩོད་གཞི།    བུམ་པ་ཆོས་ཅན།    དངོས་པོས་གསལ་བ་དང་།    དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར།    སྒྲ་མི་རྟག་པ་ཡིན་པར་ཐལ།    སྒྲ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་བྱས་པ་ལ། 

   ཁ་ཅིག་ན་རེ།    སྒྲ་མི་རྟག་པ་ཡིན་པར་ཐལ།    སྒྲ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་མ་ཡིན་པར་ཐལ།    སྒྲ་མི་རྟག་པ་ཡིན་པར་ཐལ།    སྒྲ་མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པའི་ཕྱིར།    དེར་ཐལ།    ཡིན་པར་ཐལ།    སྒྲ་མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ངོས་འཛིན་རྒྱུ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་མི་ནུས་ཏེ།    སྒྲ་མི་རྟག་པ་ཡིན་པར་ཐལ།    སྒྲ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཡིན་པར་ཁས་བླང་བས་མི་རྟག་པ་ཡིན་པར་ཐལ།    སྒྲ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ལ་སྒྲ་དེ་འཇོག་པར་ཁས་བླང་སོང་བས་སྔ་མ་དང་མི་འདྲ་བ་ཡིན་པའི་ཕྱིར།    

      རང་གི་ལུགས་ལ།    རྣམ་མཁྱེན་ཆོས་ཅན།    བུམ་པ་ཆོས་ཅན།    ཀྭ་བ་ཆོས་ཅན།    སྒྲ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྣམ་མཁྱེན་གྱིས་རྩོད་གཞི་བྱས་པའི་ཐལ་འགྱུར་ཡིན་བྱས་པ་ལ། 

   ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    བུམ་པ་ཆོས་ཅན།    ཀྭ་བ་ཆོས་ཅན།    སྒྲ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྣམ་མཁྱེན་གྱིས་རྩོད་གཞི་བྱས་པའི་ཐལ་འགྱུར་མ་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེ་ན་འདོད་བྱས་པ་ལ་དངོས་འགལ་དུ་འགྲོ་ཟེར་ན་མི་འགྲོ་སྟེ་སྔར་དྲིས་པའི་ཚེ་ན་དེ་ལྟར་ཡིན་ཀྱང་།    འདིར་འཕང་བའི་ཚེ་ན་བུམ་པ་ཆོས་ཅན།    ཀྭ་བ་ཆོས་ཅན།    སྒྲ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྣམ་མཁྱེན་གྱིས་རྩོད་གཞི་བྱས་པའི་ཐལ་འགྱུར་མ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེ་འདྲ་བའི་ཐལ་འགྱུར་དེ་རྣམ་མཁྱེན་གྱིས་རྩོད་གཞི་བྱས་པའི་ཐལ་འགྱུར་མ་ཡིན་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    ཁྱོད་ཆོས་ཅན།    བུམ་པ་ཆོས་ཅན།    ཀྭ་བ་ཆོས་ཅན།    སྒྲ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྣམ་མཁྱེན་གྱིས་རྩོད་གཞི་བྱས་པའི་ཐལ་འགྱུར་མ་ཡིན་པར་ཐལ།    དེ་འདྲ་བའི་ཐལ་འགྱུར་དེ་བུམ་པས་རྩོད་གཞི་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར།    དེར་ཐལ།    དེ་འདྲ་བའི་ཐལ་འགྱུར་དེ་བུམ་པས་རྩོད་གཞི་དང་།    ཀྭ་བ་ཆོས་ཅན།    སྒྲ་ཆོས་ཅན།    དངོས་པོས་གསལ་བ་དང་།    དངོས་པོས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།   བུམ་པ་ཆོས་ཅན།    ཀྭ་བ་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ།    ཁྱོད་གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པ་ཆོས་ཅན།    ཀྭ་བ་ཆོས་ཅན།    ཀྭ་བ་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་ཟེར་ན།    དེ་མི་རིགས་པར་ཐལ།    དེ་འདྲ་བའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལྡན་བཏབ་པས་ཀྭ་བ་ཆོས་ཅན།    བུམ་པ་བུམ་པ་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    མ་གྲུབ་ན།    ཁྱོད་ཆོས་ཅན།    དེ་ལ་འདོད་ལན་བཏབ་པས་དེ་ལྟར་དུ་རྩི་རིགས་པར་ཐལ།    བུམ་པ་ཆོས་ཅན།    ཀྭ་བ་ཆོས་ཅན།    ཁྱོད་ཡོད་པ་ཡིན་པར་ཐལ།    ཁྱོད་གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཀྭ་བ་ཆོས་ཅན།    བུམ་པ་ཡོད་པ་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    མ་གྲུབ་ན།    ཁྱོད་ཆོས་ཅན།    དེ་ལ་འདོད་ལན་བཏབ་པས་དེ་ལྟར་དུ་རྩི་རིགས་པ་ཡིན་པར་ཐལ།    བུམ་པ་ཆོས་ཅན།    ཤེས་བྱ་ཁྱོད་ཀྱི་སྤྱི་ཡིན་པར་ཐལ།    ཁྱོད་ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཤེས་བྱ་བུམ་པའི་སྤྱི་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར།    

 རང་གི་ལུགས་ལ།    བདག་མེད་ཡིན་ན་ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་མ་ཡིན་པས་ཁྱབ་བྱས་པ་ལ།  

  ཁ་ཅིག་ན་རེ།   ཡོད་པར་ཐལ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་མ་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཟེར་ན་འདོད་ལན་ཐེབས་པ་ཡིན་ཏེ།    རྩི་བའི་ཚེ་ན་ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་མ་ཡིན་པར་འདོད་ཅེས་རྩི་རིགས་ཞིང་འདོད་ལན་ཡང་ཐེབས་པ་ཡིན་པའི་ཕྱིར།    དེར་ཐལ།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་ཐལ་འགྱུར་འདི།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱིས་རྩོད་གཞི།    ཡོད་པས་གསལ་བ།    ཡོད་པས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར།    དེ་ལ་ཁ་ཅིག་ན་རེ།   ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    བདག་མེད་མ་ཡིན་པར་ཐལ།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་ཡིན་པའི་ཕྱིར་ཞེ་ན་མ་ཁྱབ།    བདག་མེད་ཡིན་ན་ཡོད་པར་ཐལ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་མ་ཡིན་པས་ཁྱབ་ཀྱང་།    ཡོད་པར་ཐལ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་ཡིན་ན་བདག་མེད་མ་ཡིན་པས་མ་ཁྱབ་པའི་ཕྱིར།

    ཁ་ཅིག་ན་རེ།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ།    ཁྱོད་གཞི་གྲུབ་པའི་ཕྱིར་ཟེར་ན་འདོད་ལན་ཐེབས་པ་ཡིན་ཏེ།    རྩི་བའི་ཚེ་ན་ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    ཐལ་འགྱུར་ཡིན་པར་ཐལ།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    བྱས་པ་ལ་ཁོ་ན་རེ།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་དང་གཅིག་ཡིན་ན་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ།    ཁྱོད་ཐལ་འགྱུར་ཡིན་པའི་ཕྱིར་ཟེར་ན།    སྦྱོར་ལུགས་སྐྱོན་ཅན་གྱི་ལན་འདེབས།    འོ་ན།    ཁྱོད་རང་ལ་མི་རྟག་པ་མི་རྟག་པ་ཆོས་ཅན།    ཁྱོད་དང་གཅིག་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པར་ཐལ།    ཁྱོད་མི་རྟག་པ་ཡིན་པའི་ཕྱིར།    ཁྱབ་པ་འགྲིག །

   ཁ་ཅིག་ན་རེ།    དངོས་པོ་ཡིན་པར་ཐལ་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ།    ཁྱོད་གཞི་གྲུབ་པའི་ཕྱིར་ཟེར་ན་འདོད་ལན་ཐེབས་པ་ཡིན་ཏེ།    རྩི་བའི་ཚེ་ན་དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པར་ཐལ་དང་།    གཅིག་ཡིན་པར་འདོད་ཅེས་རྩི་རིགས་བྱས་པ་ལ།    ཁོ་ན་རེ།   དེའི་རྩི་ཚུལ་དེ་མི་འཐད་པ་ཡིན་པར་ཐལ།    དངོས་པོ་ཡིན་པར་ཐལ་ཆོས་ཅན།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་དངོས་པོ་ཡིན་པར་ཐལ་ཆོས་ཅན།    ཡོད་པས་གསལ་བ།    ཡོད་པས་རྟགས་བྱས་པའི་རྩོད་གཞི་དང་མི་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར།    དེར་ཐལ།    དངོས་པོ་ཡིན་པར་ཐལ།    སྒྲ་ཆོས་ཅན།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་དངོས་པོ་ཡིན་པར་ཐལ།    སྒྲ་ཆོས་ཅན།    ཡོད་པས་གསལ་བ།    ཡོད་པས་རྟགས་བྱས་པའི་རྩོད་གཞི་དང་མི་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཟེར་ན་དེ་མི་འཐད་པ་ཡིན་པར་ཐལ།    དངོས་པོ་ཡིན་པར་ཐལ།    སྒྲ་ཆོས་ཅན།    ཡོད་པ་ཡིན་པར་ཐལ།    ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་དངོས་པོ་ཡིན་པར་ཐལ།    སྒྲས་རྩོད་གཞི་ཡོད་པས་གསལ་བ།    ཡོད་པས་རྟགས་བྱས་པའི་རྟགས་གསལ་རྩོད་གཞི་གསུམ་ག་དང་ལྡན་པའི་ཐལ་འགྱུར་ལ་ངོས་འཛིན་དགོས་པའི་ཕྱིར།    

 རང་གི་ལུགས་ལ།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ་བྱས་པ་ལ། 

   ཁ་ཅིག་ན་རེ།    སྒྲ་ཆོས་ཅན།    གང་དྲན་དྲན་ཡིན་པར་ཐལ།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཟེར་ན་འདོད་ལན་ཐེབས་པ་ཡིན་ཏེ།    རྩི་བའི་ཚེ་ན་གང་དྲན་དྲན་ཡིན་པར་ཐལ།    དངོས་པོ་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   གང་དྲན་དྲན་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར།    མ་གྲུབ་ན།    གང་དྲན་དྲན་ཡིན་པར་ཐལ།    དངོས་པོ་ཡིན་པར་ཐལ།    གང་དྲན་དྲན་ཡིན་པར་ཐལ།    སྒྲ་ཡིན་པའི་ཕྱིར།    མ་གྲུབ་ན།    གང་དྲན་དྲན་ཡིན་པར་ཐལ་ཆོས་ཅན།    སྒྲ་ཡིན་པར་ཐལ།    ཐལ་ངག་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    ཤེས་བྱ་ཆོས་ཅན།    མ་བྱས་པ་ཡིན་པར་ཐལ།    རྟག་པ་ཡིན་པར་ཐལ།    ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པས་ཤེས་བྱ་དངོས་པོ་ཡིན་པར་རྟགས་མ་གྲུབ་ཅེས་རྩི་དགོས་ཤིང་དེ་ལྟར་དུ་རྟགས་མ་གྲུབ་ཀྱི་ལན་ཡང་ཐེབས་ཟེར་ན།    དེ་མི་འཐད་པ་ཡིན་པར་ཐལ།    དེ་འདྲ་བའི་ཐལ་འགྱུར་གྱི་རྟགས་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པས་ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།    དངོས་པོ་ཡིན་པར་རྟགས་མ་གྲུབ་ཅེས་རྩི་དགོས་ཤིང་དེ་ལྟར་དུ་རྟགས་མ་གྲུབ་ཀྱི་ལན་མི་ཐེབས་པ་ཡིན་པའི་ཕྱིར།    རྟགས་དང་པོ་གྲུབ་པ་ཡིན་ཏེ།    དེ་འདྲ་བའི་ཐལ་འགྱུར་དེ་ཤེས་བྱས་རྩོད་གཞི་དང་།    མ་བྱས་པ་ཡིན་པར་ཐལ།    རྟག་པ་ཡིན་པས་གསལ་བ།    ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།    དངོས་པོ་རྟགས་ལ་བྱེད་དགོས་པའི་ཕྱིར།    དེར་ཐལ།    གསལ་སྤུང་གི་ཐལ་འགྱུར་གང་དང་གང་གི་ཐལ་བ་གསུམ་དང་ཕྱིར་སྒྲ་གཅིག་དང་བཞི་པོ་དེ་བྱུང་བའི་ཚེ་ཐལ་བ་ཕྱི་མ་གཅིག་རྟགས་ལ་སྦྱོར་དགོས་ལ།    ཐལ་བ་ལྔ་དང་ཕྱིར་སྒྲ་གཅིག་དང་དྲུག་པོ་དེ་བྱུང་བའི་ཚེ་ཐལ་བ་ཕྱི་མ་གཉིས་རྟགས་ལ་སྦྱོར་དགོས་པ་དེ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    ཡོད་པར་ཐལ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་གསལ་སྤུང་གི་ཐལ་འགྱུར་ཡིན་ཟེར་ན།    དེ་མི་འཐད་པར་ཐལ།    དེ་འདྲ་བའི་ཐལ་འགྱུར་དེ་རྟགས་གསལ་རེ་རེ་བའི་ཐལ་འགྱུར་འགོད་ཚུལ་ཡིན་པའི་ཕྱིར།    དེར་ཐལ།    དེ་འདྲ་བའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡོད་པར་ཐལ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་འདོད་ཅེས་རྩི་རིགས།    རྟགས་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པས་བདག་མེད་ཡིན་པར་རྟགས་མ་གྲུབ་ཅེས་རྩི་རིགས།    རྗེས་ཁྱབ་ཀློང་བའི་ཚེ་ན།    བདག་མེད་ཡིན་ན།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར།    ཡོད་པར་ཐལ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པའི་ཁྱབ་པ་ཀློང་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    ཡོད་པར་ཐལ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདིའི་རྟགས་གསལ་དང་ཁྱབ་པ་ཀློང་ཚུལ་དེ་ལྟར་ཡིན་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར།

    ཁ་ཅིག་ན་རེ།    དེ་འདྲ་བའི་ཐལ་འགྱུར་དེ་གསལ་སྤུང་གི་ཐལ་འགྱུར་ཡིན་པར་ཐལ།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    རྟག་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་གསལ་སྤུང་གི་ཐལ་འགྱུར་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    རྟགས་གྲུབ་པ་ཡིན་ཏེ།    དེ་འདྲ་བའི་ཐལ་འགྱུར་གྱི་རྟགས་གསལ་ངོས་འཛིན་པའི་ཚེ་ན་ཡོད་པར་ཐལ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པའི་བར་གསལ་བ།    རྟག་པ་ཡིན་པར་ཐལ་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    བདག་མེད་ཀྱིས་རྟགས་བྱེད་དགོས་པའི་ཕྱིར།    དེར་ཐལ།    དེ་འདྲ་བའི་ཐལ་འགྱུར་དེ་ཐལ་བ་བཞི་དང་ཕྱིར་སྒྲ་གཅིག་དང་ལྔ་པོ་དེ་བྱུང་བའི་ཐལ་བ་དང་པོ་གསུམ་གསལ་བར་བྱས་ནས་ཐལ་བ་ཕྱི་མ་གཅིག་རྟགས་ལ་སྦྱོར་དགོས་པ་དེ་ཡིན་པའི་ཕྱིར།    དེར་ཐལ།    གསལ་སྤུང་གི་ཐལ་འགྱུར་གང་དང་གང་གི་ཐལ་བ་བཞི་དང་ཕྱིར་སྒྲ་གཅིག་དང་ལྔ་པོ་དེ་བྱུང་བའི་ཚེ་ན།    ཐལ་བ་དང་པོ་གསུམ་གསལ་བར་བྱས་ནས་ཐལ་བ་ཕྱི་མ་གཅིག་རྟགས་ལ་སྦྱོར་དགོས་པ་དེ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ།    ཁྱོད་གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་དངོས་པོ་ཡིན་པར་ཐལ་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡོད་པར་ཐལ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པར་ཐལ།    བུམ་པ་ཆོས་ཅན།    ཀྭ་བ་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ།    ཁྱོད་གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཀྭ་བ་ཆོས་ཅན།    བུམ་པ་བུམ་པ་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་མི་ནུས་ཏེ།    སྔ་མ་ལ་འདོད་ལན་བཏབ་པས་ཡོད་པར་ཐལ།   ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    དེ་འདྲ་བའི་ཐལ་འགྱུར་དེ་ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱིས་རྩོད་གཞི་ཁྱོད་ཁྱོད་དང་གཅིག་གིས་གསལ་བ་གཞི་གྲུབ་ཀྱིས་རྟགས་བྱེད་དགོས་པའི་ཕྱིར། 

   ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    བུམ་པ་ཆོས་ཅན།    ཀྭ་བ་ཆོས་ཅན།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྩོད་གཞི་དང་ལྡན་པའི་ཐལ་འགྱུར་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་ཐེབས་ཟེར་ན་དེ་མི་ཐེབས་པ་ཡིན་པར་ཐལ།    དེ་འདྲ་བའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་རྣམ་མཁྱེན་ཆོས་ཅན།    བུམ་པ་ཆོས་ཅན།    ཀྭ་བ་ཆོས་ཅན།    ཡོད་པར་ཐལ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ།    བདགམེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྩོད་གཞི་དང་ལྡན་པའི་ཐལ་འགྱུར་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེ་འདྲ་བའི་ཐལ་འགྱུར་དེ་རྩོད་གཞི་དང་ལྡན་པའི་ཐལ་འགྱུར་མ་ཡིན་པའི་ཕྱིར།    རྟགས་དང་པོ་སླ།    གཉིས་པ་མ་གྲུབ་ན།    རྣམ་མཁྱེན་ཆོས་ཅན།    བུམ་པ་ཆོས་ཅན།    ཀྭ་བ་ཆོས་ཅན།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྩོད་གཞི་དང་ལྡན་པའི་ཐལ་འགྱུར་མ་ཡིན་པར་ཐལ།    དེ་འདྲ་བའི་ཐལ་འགྱུར་དེ་རྩོད་གཞི་དང་མི་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར།    དེར་ཐལ།    དེ་འདྲ་བའི་ཐལ་འགྱུར་གྱི་གསལ་བའི་ནང་གི་ཕྱིར་སྒྲ་དང་པོ་གསུམ་གྱིས་ཆོས་ཅན་གསུམ་པོ་རིམ་གྱིས་སྦུབས་སུ་དྲངས་ནས་རྩོད་གཞི་དང་མི་ལྡན་པར་གྱུར་པ་ཡིན་པའི་ཕྱིར།    དེར་ཐལ།    དེ་འདྲ་བའི་ཐལ་འགྱུར་གྱི་གསལ་བའི་ནང་གི་ཕྱིར་སྒྲ་དང་པོ་ཡོད་པའི་ཕྱིར་ཞེས་པ་དེས་ཀ་བ་ཆོས་ཅན་ཞེས་པ་དེ་སྦུབས་སུ་དྲངས།    ཕྱིར་སྒྲ་གཉིས་པ་དངོས་པོ་ཡིན་པའི་ཕྱིར་ཞེས་པ་དེས་བུམ་པ་ཆོས་ཅན་ཞེས་པ་དེ་སྦུབས་སུ་དྲངས།    ཕྱིར་སྒྲ་གསུམ་པ་བདག་མེད་ཡིན་པའི་ཕྱིར་ཞེས་པ་དེས་རྣམ་མཁྱེན་ཆོས་ཅན་ཞེས་པ་སྦུབས་སུ་དྲངས་པ་ཡིན་པའི་ཕྱིར།    དེར་ཐལ།    དེ་འདྲ་བའི་ཐལ་འགྱུར་གྱི་རྗེས་ཁྱབ་ཀློང་བའི་ཚེ་ན་བདག་མེད་ཡིན་ན།    རྣམ་མཁྱེན་ཆོས་ཅན།    བུམ་པ་ཆོས་ཅན།    ཀྭ་བ་ཆོས་ཅན།    ཡོད་པར་ཐལ།    ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པས་ཁྱབ་པ་དེ་ཀློང་དགོས་པ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདིའི་རྩོད་གཞི་སྦུབས་ལ་འཚང་ནས་རྩོད་གཞི་དང་མི་ལྡན་པའི་ཐལ་འགྱུར་ཡིན་ཟེར་ན།    དེ་མི་འཐད་པ་ཡིན་པར་ཐལ།    དེ་འདྲ་བའི་ཐལ་འགྱུར་དེ་རྩོད་གཞི་རྟགས་གསལ་གསུམ་ག་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར།    དེར་ཐལ།   དེ་འདྲ་བའི་ཐལ་འགྱུར་དེ་རྣམ་མཁྱེན་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱིས་རྩོད་གཞི།    བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པས་གསལ་བ།    བདག་མེད་ཀྱིས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར།    དེར་ཐལ།    བུམ་པ་ཆོས་ཅན།    ཀྭ་བ་ཆོས་ཅན།    རྟག་པ་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་བུམ་པས་རྩོད་གཞི།    ཀྭ་བ་ཆོས་ཅན།   རྟག་པས་གསལ་བ།    བདག་མེད་ཀྱིས་རྟགས་བྱས་པའི་ཐལ་འགྱུར་ཡིན་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར།

    ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།   དངོས་པོ་ཡིན་པའི་ཕྱིར།    དོན་བྱེད་ནུས་པ་ཡིན་པའི་ཕྱིར།    སྐད་ཅིག་མ་ཡིན་པའི་ཕྱིར།    མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདིའི་གསལ་བའི་ནང་གི་ཕྱིར་སྒྲ་སྔ་མ་སྔ་མས་རྩོད་གཞི་རིམ་གྱིས་སྦུབས་སུ་དྲངས་ནས་རྩོད་གཞི་དང་མི་ལྡན་པའི་ཐལ་འགྱུར་ཡིན་ཟེར་ན།    དེ་མི་འཐད་པ་ཡིན་པར་ཐལ།    དེ་འདྲ་བའི་ཐལ་འགྱུར་དེ་རྣམ་མཁྱེན་གྱིས་རྩོད་གཞི་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར།    དེར་ཐལ།   དེ་འདྲ་བའི་ཐལ་འགྱུར་གྱི་གསལ་བའི་ནང་གི་ཕྱིར་སྒྲ་ཕྱི་མ་མི་རྟག་པ་ཡིན་པའི་ཕྱིར་ཞེས་པ་དེས་བུམ་པ་ཆོས་ཅན་ཞེས་པ་སྦུབས་སུ་དྲངས་ནས་ཕྱིར་སྒྲ་སྔ་མ་རྣམས་ཀྱིས་རྩོད་གཞི་སྦུབས་སུ་འདྲེན་མི་ནུས་པ་དེ་ཡིན་པའི་ཕྱིར།    དེར་ཐལ།    རྣམ་མཁྱེན་ཆོས་ཅན།    བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    སྒྲ་མི་རྟག་པ་ཡོད་པ་ཤེས་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདིའི་གསལ་བའི་ནང་གི་ཕྱིར་སྒྲ་གཅིག་གིས་ཆོས་ཅན་གཅིག་ལས་ལྷག་སྦུབས་སུ་འདྲེན་མི་ནུས་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར།

    ཁ་ཅིག་ན་རེ།    སྒྲ་ཆོས་ཅན།    ཁྱོད་མ་བྱས་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་ཐེབས་པར་ཐལ།    སྒྲ་ཆོས་ཅན།    མ་བྱས་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་ཐེབས་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་མི་ནུས་ཏེ།    དེ་ལ་འདོད་ལན་བཏབ་པས་སྒྲ་མ་བྱས་པ་ཡིན་པར་ཐལ།    རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ།    བདགམེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་ཐེབས་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེ་འདྲ་བའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་མི་ཐེབས་པའི་ཕྱིར།    རྟགས་དང་པོ་མ་གྲུབ་ན།    དེ་ལ་འདོད་ལན་བཏབ་པས་དེ་ལྟར་དུ་རྩི་རིགས་པ་ཡིན་པར་ཐལ།    སྒྲ་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་ཐེབས་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་སྒྲ་སྒྲ་དང་གཅིག་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་ཐེབས་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར།  

  ཁ་ཅིག་ན་རེ།    སྒྲ་ཆོས་ཅན༑ དངོས་པོ་ཡིན་པར་ཐལ།    བྱས་པ་ཡིན་པར་ཐལ།    མི་རྟག་པ་ཡིན་པར་ཐལ།    དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི།    སྒྲས་རྩོད་གཞི།    དངོས་པོ་ཡིན་པར་ཐལ་བྱས་པས་གསལ་བ།    མི་རྟག་པ་ཡིན་པར་ཐལ་མན་ཆད་རྟགས་ལ་བྱེད་ཟེར་ན།    དེ་མི་འཐད་པ་ཡིན་པར་ཐལ།    དེ་འདྲ་བའི་ཐལ་འགྱུར་དེ་སྒྲས་རྩོད་གཞི།    དངོས་པོས་གསལ་བ།    བྱས་པ་ཡིན་པར་ཐལ་མན་ཆད་རྟགས་ལ་སྦྱོར་དགོས་པའི་ཕྱིར།    དེར་ཐལ།    དེ་འདྲ་བའི་ཐལ་འགྱུར་དེའི་ཐལ་བ་ཕྱི་མ་གཉིས་རྟགས་ཀྱི་ཕྱིར་སྒྲ་དང་པོ་གཉིས་ཀྱིས་རིམ་གྱིས་སྦུབས་སུ་དྲངས་པ་ཡིན་པའི་ཕྱིར།    མ་གྲུབ་ན།    དེ་འདྲ་བའི་ཐལ་འགྱུར་གྱི་རྟགས་ཀྱི་ཕྱིར་སྒྲ་དང་པོ་གཉིས་ཀྱིས་ཐལ་བ་ཕྱི་མ་གཉིས་རིམ་གྱིས་སྦུབས་སུ་དྲངས་པ་ཡིན་པར་ཐལ།    དེ་འདྲ་བའི་ཐལ་འགྱུར་གྱི་རྟགས་ཀྱི་ཕྱིར་སྒྲ་དང་པོ་དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཞེས་པ་དེས་མི་རྟག་པ་ཡིན་པར་ཐལ་ཞེས་པ་དེ་སྦུབས་སུ་དྲངས།    ཕྱིར་སྒྲ་གཉིས་པ་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པ་དེས་བྱས་པ་ཡིན་པར་ཐལ་ཞེས་པ་སྦུབས་སུ་དྲངས་པ་ཡིན་པའི་ཕྱིར།    དེར་ཐལ།    སྒྲ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    ཡོད་པ་ཡིན་པར་ཐལ།    ཤེས་བྱ་ཡིན་པར་ཐལ།    ཚད་མས་དམིགས་པ་ཡིན་པར་ཐལ།    བློའི་ཡུལ་དུ་བྱ་རུང་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདིའི་རྟགས་ཀྱི་ཕྱིར་སྒྲ་སྔ་མ་སྔ་མས་ཐལ་བ་ཕྱི་མ་ཕྱི་མ་རིམ་གྱིས་སྦུབས་སུ་དྲངས་ནས་སྦུབས་ལ་འཚང་སོང་བ་དེ་ཡིན་པའི་ཕྱིར།    ཐལ་བ་སྦུབས་སུ་འདྲེན་ཚུལ་དེ་ལྟར་ཡིན་པར་ཐལ།    རྣམ་མཁྱེན་ཆོས་ཅན།    ཡོད་པ་ཡིན་པར་ཐལ།    ཤེས་བྱ་ཡིན་པར་ཐལ།   གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདིའི་ཕྱིར་སྒྲ་དང་པོས་ཐལ་བ་ཕྱི་མ་སྦུབས་སུ་དྲངས་པ་ཡིན་པའི་ཕྱིར། 

   ཁ་ཅིག་གིས།    དེ་འདྲ་བའི་ཐལ་འགྱུར་དེ།    རྣམ་མཁྱེན་གྱིས་རྩོད་གཞི།    ཡོད་པ་ཡིན་པར་ཐལ།   ཤེས་བྱས་གསལ་བ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱིས་རྟགས་བྱས་པའི་ཐལ་འགྱུར་ཡིན་ཟེར་ན།    དེ་མི་འཐད་པར་ཐལ།    དེ་འདྲ་བའི་ཐལ་འགྱུར་དེ་རྣམ་མཁྱེན་གྱིས་རྩོད་གཞི།    ཡོད་པས་གསལ་བ།    ཤེས་བྱ་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་རྟགས་སུ་བཀོད་པའི་རྩོད་གཞི་རྟགས་གསལ་གསུམ་ག་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར།    དེར་ཐལ།    ཤེས་བྱ་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་རྟགས་སུ་བཀོད་པའི་རྟགས་གསལ་རྩོད་གཞི་གསུམ་ག་དང་ལྡན་པའི་ཐལ་འགྱུར་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། 

   ཁ་ཅིག་ན་རེ།    རྣམ་མཁྱེན་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདིའི་རྟགས་ཀྱི་ཕྱིར་སྒྲ་དང་པོས་དངོས་པོ་ཡིན་པར་ཐལ་ཞེས་པ་སྦུབས་སུ་དྲངས་པ་ཡིན་པར་ཐལ།    ཐལ་བ་སྦུབས་སུ་འདྲེ་ན་ཚུལ་སྔ་མ་འཐད་པའི་ཕྱིར་ཟེར་ན་མ་ཁྱབ།    འདོད་མི་ནུས་ཏེ།    རྟགས་ཀྱིས་ཕྱིར་སྒྲ་ཅི་ཙམ་བརྩེགས་ཀྱང་རྩ་བའི་ཐལ་བ་གཅིག་པོ་སྦུབས་སུ་འདྲེན་མི་ནུས་པ་དེ་ཡིན་པའི་ཕྱིར།    དེར་ཐལ།    དེའི་རྒྱུ་མཚན་གྱིས་དེ་འདྲ་བའི་ཐལ་འགྱུར་དེ་རྣམ་མཁྱེན་གྱིས་རྩོད་གཞི།    དངོས་པོས་གསལ་བ།    དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་ཟེར་ན།    དེ་མི་རིགས་པར་ཐལ།    དེ་ལ་འདོད་ལན་བཏབ་པས་ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    དེར་ཐལ།    བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར།    བུམ་པ་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེའི་རིགས་འགྲོས་ཀྱིས་ཤེས་པའི་ཕྱིར།

    ཁ་ཅིག་ན་རེ།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར།   ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་ཡིན་པར་འདོད་ཅེས་རྩི་མི་རིགས་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཟེར་ན།    འདོད་བྱས་པ་ལ་ངོས་འགལ་དུ་འགྲོ་ཟེར་ན།    མི་འགྲོ་སྟེ།    གོང་དུ་དྲིས་པའི་ཚེ་ན་དེ་ལྟར་ཡིན་ཀྱང་།    འདིར་འདོད་ལན་བཏབ་པས་ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར།   ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་ཡིན་པར་ཐལ།    གཞི་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་གཅིག་ཡིན་པར་འདོད་ཅེས་རྩི་མི་རིགས་པར་འདོད་ཅེས་རྩི་རིགས་ཤིང་འདོད་ལན་ཡང་ཐེབས་ལ།    དེ་ལྟར་བརྩིས་པས་དངོས་འགལ་དུ་མི་འགྲོ་བ་ཡིན་པའི་ཕྱིར། 

   ཁ་ཅིག་ན་རེ།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་རྩོད་གཞི་གསུམ་ག་དང་ལྡན་པའི་ཐལ་འགྱུར་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཟེར་ན།    འདོད་ལན་ཐེབས་པ་ཡིན་ཏེ།    རྩི་བའི་ཚེ་ན།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་རྩོད་གཞི་གསུམ་ག་དང་ལྡན་པའི་ཐལ་འགྱུར་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    བྱས་པ་ལ་ཁོ་ན་རེ།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་རྩོད་གཞི་གསུམ་ག་དང་ལྡན་པའི་ཐལ་འགྱུར་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེ་སའི་ཐལ་འགྱུར་འདི་རྟགས་གསལ་རྩོད་གཞི་གསུམ་ག་དང་ལྡན་པའི་ཐལ་འགྱུར་ཡིན་པར་འདོད་ཅེས་རྩི་མི་རིགས་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཟེར་ན་འདོད་བྱས་པ་ལ་དངོས་འགལ་དུ་འགྲོ་ཟེར་ན་མི་འགྲོ་སྟེ།    སྔར་དྲིས་པའི་ཚེ་ན་དེ་ལྟར་ཡིན་ཀྱང་འདིར་འདོད་ལན་བཏབ་པས་འདོད་ལན་ཐེབས་པའི་ཕྱིར།   འདིར་འདོད་ལན་ཐེབས་པ་ཡིན་ཏེ།    འདིར་འདོད་ལན་བཏབ་པས་ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།   ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་རྩོད་གཞི་གསུམ་ག་དང་ལྡན་པའི་ཐལ་འགྱུར་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།   དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་རྩོད་གཞི་གསུམ་ག་དང་ལྡན་པའི་ཐལ་འགྱུར་ཡིན་པར་འདོད་ཅེས་རྩི་མི་རིགས་པར་འདོད་ཅེས་རྩི་རིགས་པ་གང་ཞིག །   དེ་འདྲ་བའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་དེ་ལྟར་དུ་རྩི་མི་རིགས་པ་ཡིན་པའི་ཕྱིར།  

  ཁ་ཅིག་ན་རེ།    ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཟེར་ན།    འདོད་ལན་ཐེབས་པ་ཡིན་ཏེ།    རྩི་བའི་ཚེ་ན།    ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པར་འདོད་ཅེས་རྩི་རིགས་པ་ཡིན་པའི་ཕྱིར།    བྱས་པ་ལ་ཁོ་ན་རེ།    ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཡིན་པར་ཐལ།   ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཡིན་པར་ཐལ།    ཁྱོད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པར་འདོད་ཅེས་རྩི་མི་རིགས་པ་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཟེར་ན།    འདོད་བྱས་པ་ལ་དངོས་འགལ་དུ་འགྲོ་ཟེར་ན་མི་འགྲོ་སྟེ།    སྔར་དྲིས་པའི་ཚེ་ན་དེ་ལྟར་ཡིན་ཀྱང་འདིར་འདོད་ལན་བཏབ་པས་ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པར་ཐལ།    ཁྱོད་ཆོས་ཅན།    དངོས་པོ་ཡིན་པར་ཐལ༑ དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན།    དངོས་པོ་ཡིན་པར་ཐལ།    དངོས་པོ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར་ཡིན་པར་འདོད་ཅེས་རྩི་མི་རིགས་པར་འདོད་ཅེས་རྩི་རིགས་ཤིང་དེ་ལྟར་བརྩིས་པས་དངོས་འགལ་དུ་མི་འགྲོ་བ་ཡིན་པའི་ཕྱིར།

    ཁ་ཅིག་ན་རེ།    ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཡོད་པ་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ་ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ་དང་གཅིག་དང་གྱུར་པའི་ཡོད་པ་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ།    ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ་དང་གཅིག་ཡིན་པར་འདོད་ཅེས་རྩི་རིགས་བྱས་པ་ལ།

    ཁ་ཅིག་ན་རེ།    ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཡོད་པ་ཆོས་ཅན།    ཁྱོད་ཁྱོད་དང་གཅིགཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ།    ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ་དང་གཅིག་ཏུ་གྱུར་པའི་ཡོད་པ་ཆོས་ཅན།    ཁྱོད་ཁྱོད་དང་གཅིགཏུ་གྱུར་པའི་ཤེས་བྱ།    ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ་དང་གཅིག་ཡིན་པར་འདོད་ཅེས་རྩི་མི་རིགས་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཟེར་ན།    འདོད་བྱས་པ་ལ་དངོས་འགལ་དུ་འགྲོ་ཟེར་ན།    མི་འགྲོ་སྟེ།    སྔར་དྲིས་པའི་ཚེ་ན་དེ་ལྟར་ཡིན་ཀྱང་།   འདིར་འདོད་ལན་བཏབ་པས་ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ།    ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ་དང་གཅིག་ཏུ་གྱུར་པའི་ཡོད་པ་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ་ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ་དང་གཅིགཡིན་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ།    ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ་དང་གཅིག་ཏུ་གྱུར་པའི་ཤེས་བྱ།    ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ།    ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ་དང་གཅིག་ཏུ་གྱུར་པའི་ཤེས་བྱ་དང་གཅིག་ཏུ་གྱུར་པའི་ཡོད་པ་ཆོས་ཅན།    ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ།    ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ་དང་གཅིག་ཏུ་གྱུར་པའི་ཤེས་བྱ་ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ་ཁྱོད་ཁྱོད་དང་གཅིག་ཏུ་གྱུར་པའི་ཤེས་བྱ་དང་གཅིག་ཏུ་གྱུར་པའི་ཤེས་བྱ་དང་གཅིག་ཡིན་པར་འདོད་ཅེས་རྩི་མི་རིགས་པར་འདོད་ཅེས་རྩི་རིགས་ཤིང་དེ་ལྟར་བརྩིས་པས་དངོས་འགལ་དུ་མི་འགྲོ་བ་ཡིན་པའི་ཕྱིར།   །    

  རང་གི་ལུགས་ལ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན།    ཀྭ་བའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན།    ཀྭ་བའི་དགག་གཞི་ཡིན་པར་ཐལ།    ཀྭ་བ་མེད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་ཀྭ་བའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་ཀྭ་བའི་དགག་གཞི་ཡིན་པར་འདོད་ཅེས་རྩི་རིགས་བྱས་པ་ལ།  

  ཁ་ཅིག་ན་རེ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན།    ཀྭ་བའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན།    ཀྭ་བའི་དགག་གཞི་ཡིན་པར་ཐལ།   ཀྭ་བ་མེད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་ཀྭ་བའི་དགག་གཞི་ཆོས་ཅན་གྱི་སྟེང་དུ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་ཀྭ་བའི་དགག་གཞི་ཡིན་པར་འདོད་ཅེས་རྩི་མི་རིགས་པར་ཐལ།    བདག་མེད་ཡིན་པའི་ཕྱིར་ཟེར་ན་འདོད་བྱས་པ་ལ་དངོས་འགལ་དུ་འགྲོ་ཟེར་ན་མི་འགྲོ་སྟེ།    སྔར་དྲིས་པའི་ཚེ་ན་དེ་ལྟར་ཡིན་ཀྱང་།    འདིར་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་ཀྭ་བའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་ཀྭ་བའི་དགག་གཞི་ཡིན་པར་ཐལ།    བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་ཀྭ་བ་མེད་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གསལ་བ་ལ་འདོད་ལན་བཏབ་པས་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་ཀྭ་བའི་དགག་གཞི་ཆོས་ཅན་གྱི་སྟེང་དུ་ཁྱོད་ཆོས་ཅན་གྱི་སྟེང་དུ་བུམ་པའི་དགག་གཞི་ཡིན་པར་འདོད་ཅེས་རྩི་མི་རིགས་པར་འདོད་ཅེས་རྩི་རིགས་ཤིང་དེ་ལྟར་དུ་བརྩིས་པས་དངོས་འགལ་དུ་མི་འགྲོ་བ་ཡིན་པའི་ཕྱིར།   

                                                                                                                                                                           རྩོམ་སྒྲིག་པ།     བློ་བཟང་བཀྲ་ཤིས།

བརྒྱུད་འགོད།
0