ཚད་མའི་རིགས་ལམ་དེང་རབས་སློབ་གསོའི་ཁོངས་སུ་ཇི་ལྟར་འཇུག་ཚུལ་ཆེད་མཁས་དཔྱད་གླེང་ཚོགས་འདུ།

སྤེལ་དུས།  2020-09-12   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  

ཚད་མའི་རིགས་ལམ་དེང་རབས་སློབ་གསོའི་ཁོངས་སུ་ཇི་ལྟར་འཇུག་ཚུལཆེད་མཁས་དཔྱད་གླེང་ཚོགས་འདུ།

༢༠༢༠ལོའི་སྤྱི་ཟླ་ཚེས༡༠ཉིན།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཚད་མ་རིག་པའི་རིགས་ལམ་དེང་རབས་སློབ་གསོའི་ཁུངས་སུ་ཇི་ལྟར་འཇུག་ཚུལ་ཆེད་མཁས་དཔྱད་གླེང་ཚོགས་འདུ་ཟི་ལིང་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དུ་འཚོགས།

image.png

ཐེངས་འདིའི་བགྲོ་གླེང་སྟེང་པེ་ཅིན་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པ་དང་གཏན་ཚིགས་རིག་པའི་སློབ་དཔོན་ཆེན་མོ་ལིག་ཀྲོང་ཧྭོ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བང་ཧྭ་ཕིན་དང་།མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་ཆེན་མོའི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བ།ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཞི་ཁྲོན་མེ།མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་མི་རིགས་ཆོས་ལུགས་ཞིབ་འཇུག་ཁང་གི་མགོ་གཙོ་ཨུག་ཁྲུང་རོང་།བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དབང་དྲག་རྡོ་རྗེ།ཀྲུང་གོ་གཏན་ཚིགས་རིགས་པ་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོམཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དགེ་འདུན།མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་ཚད་མ་རིག་པའི་ཆེད་ལས་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་དང་ལྷུན་གྲུབ་རྡོ་རྗེ།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་སྟག་འབུམ་རྒྱལ།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོ་སོགས་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞུགས་ཤིང་།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་སྟག་འབུམ་རྒྱལ་གྱིས་ཐེངས་འདིའི་དཔྱད་གླེང་ཚོགས་འདུར་འགོ་འཛིན་མཛད། ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་གླེང་གཞི་ནི་ཚད་མ་རིག་པའི་རིགས་ལམ་དེང་རབས་སློབ་གསོའི་ཁུངས་སུ་ཇི་ལྟར་འཇུག་ཚུལ་སྐོར་ཡིན་ལ།ཚོགས་ཞུགས་ཆེད་མཁས་པ་རྣམ་པས་གསུང་རྒྱུར། སྲོལ་རྒྱུན་ཚད་མ་རིག་པ་ནི་འཛམ་གླིང་གི་གཏན་ཚིགས་རིགས་པའི་མ་ལག་ཆེན་པོ་གསུམ་གྱི་ནང་ཚན་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་རྣམ་དཔྱོད་དང་བསམ་གཞིགས་ཀྱི་ནུས་པ་མཐོར་འདེགས་དང་། འཛམ་གླིང་གི་ཤེས་རིག་དཔལ་ཡོན་གྱི་འཕེལ་རྒྱས་ཐད་ལའང་ནུས་པ་གལ་ཆེན་ཐོན་ཡོད། སྲོལ་རྒྱུན་ཚད་མ་རིག་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ངེས་པར་དུ་མ་འོངས་པ་དང་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ། སྤྱི་ཚོགས་ཅན་གྱི་རིག་ཚན་དུ་སྒྱུར་བ་དང་གསར་གཏོད་རང་བཞིན་གྱི་བྱ་བ་བསྒྲུབས་པར་ཤུགས་བསྣོན་པ། དངོས་ཡོད་སྤྱི་ཚོགས་ཁྲོད་ལག་ལེན་དུ་བསྟར་བར་བརྟེན་ནས། སྤྱི་ཚོགས་ལ་ཕན་ནུས་ལེགས་པར་བསྒྲུབ་དགོས།དེ་ཡང་སྲོལ་རྒྱུན་ཚད་མ་རིག་པའང་ནུབ་ཕྱོགས་ཕྱི་ཚུལ་གཏན་ཚིགས་རིག་པ་ནང་བཞིན་ངེས་པར་དུ་སྤྱི་ཚོགས་ཀྱི་རིག་ཚན་ཁག་ལ་དྲང་ཕྱོགས་ཀྱི་ནུས་པ་འདོན་དགོས་པས། ཚད་མ་རིག་པ་འདི་ཉིད་རིམ་གྱིས་བོད་རིགས་ས་ཁུལ་གྱི་མི་རིགས་སློབ་འབྲིང་ཁག་དང་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོ་ཁག དེ་མིན་ཞིབ་འཇུག་སྡེ་ཁག་བཅས་ལ་དར་སྤེལ་བརྒྱུད་དེ། འཛམ་གླིང་གི་རིག་ཚན་ཁག་གི་ཁྲོད་དུ་ཤར་ཕྱོགས་གཏན་ཚིགས་རིག་པའི་མཚན་སྙན་དང་ནུས་པ་འདོན་དགོས་པའི་རྒྱུ་མཚན་གྱིས། སྲོལ་རྒྱུན་ཚད་མ་རིག་པའི་རིགས་ལམ་དེང་རབས་སློབ་གསོའི་ཁོངས་སུ་བཅུག་སྟེ། རྒྱུད་འཛིན་དང་དར་སྤེལ་བྱེད་དགོས་པ་སོགས་བགྲོ་གླེང་བྱས། 


image.png

མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བང་ཧྭ་ཕིན་གྱིས་གཏམ་བཤད་གནང་བཞིན་པ།

image.png

པེ་ཅིན་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པ་དང་གཏན་ཚིགས་རིག་པའི་སློབ་དཔོན་ཆེན་མོ་ལིག་ཀྲོང་ཧྭོ་ཡིས་གཏམ་བཤད་གནང་བཞིན་པ།

image.png

ཀྲུང་གོ་གཏན་ཚིགས་རིགས་པ་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོས་གཏམ་བཤད་གནང་།

image.png

མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བས་གཏམ་བཤད་གནང་བཞིན་པ།

image.png

ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཞི་ཁྲོན་མེ་ཡིས་གཏམ་བཤད་གནང་བཞིན་པ།

blob.png

མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་མི་རིགས་ཆོས་ལུགས་ཞིབ་འཇུག་ཁང་གི་མགོ་གཙོ་ཨུག་ཁྲུང་རོང་གིས་གཏམ་བཤད་གནང་བཞིན་པ།

image.png

མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དགེ་འདུན་གྱིས་གཏམ་བཤད་གནང་བཞིན་པ།

image.png

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཚད་མ་རིག་པའི་ཆེད་ལས་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་གཏམ་བཤད་གནང་བ།

image.png

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཚད་མ་རིག་པའི་ཆེད་ལས་དགེ་རྒན་ཆེན་མོ་ལྷུན་གྲུབ་རྡོ་རྗེ་ཡིས་གཏམ་བཤད་གནང་བཞིན་པ།

image.png

བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་དབང་དྲག་རྡོ་རྗེ་ཡིས་གཏམ་བཤད་གནང་བཞིན་པ།

image.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་སྟག་འབུམ་རྒྱལ་གྱིས་མགོ་འཛིན་གནང་བ།

image.png

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོས་གཏམ་བཤད་གནང་བཞིན་པ།

image.png

ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་བགྲོ་གླེང་གནང་བཞིན་པ། 

ཚོགས་ཞུགས་ཆེད་མཁས་པ་རྣམ་པས་ང་ཚོས་ཚད་མ་རིག་པ་དེང་རབས་སློབ་གསོའི་ཁོངས་སུ་དར་སྤེལ་བྱེད་དགོས་ན། ངེས་པར་དུ་གཅིག་ནས་སྲོལ་རྒྱུན་ཚད་མ་རིག་པ་ལ་རྒྱུས་ལོན་དང་ངེས་ཤེས་ཟབ་མོའི་སྒོ་ནས་སྲོལ་རྒྱུན་ཚད་མ་རིག་པའི་གལ་ཆེན་རང་བཞིན་རྟོགས་ཏེ། ནུབ་ཕྱོགས་ཕྱི་ཚུལ་གཏན་ཚིགས་རིག་པ་ལྟར་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་རིག་གཞུང་གི་ཁྲོད་དྲང་ཕྱོགས་ཀྱི་ནུས་པ་འདོན་དགོས། གཉིས་ནས་སྲོལ་རྒྱུན་གཏན་ཚིགས་རིག་པ་འདི་ཉིད་སྔོན་ཆད་ནང་བསྟན་རིག་གཞུང་ཁྲོད་བེད་སྤྱོད་བྱས་ཡོད་ནའང་རིག་གནས་ལྔའི་ནང་དུ་ནང་དོན་རིག་པ་དང་གཏན་ཚིགས་རིག་པ་གཉིས་སོ་སོར་ཕྱེས་ཡོད་པས། སྲོལ་རྒྱུན་གྱི་རིག་གནས་ཡན་གར་བ་ཞིག་ཡིན། གསུམ་ནས་ད་ལྟའི་ཆར་སྲོལ་རྒྱུན་ཚད་མ་རིག་པ་འདི་ཉིད་སྤྱི་ཚོགས་ལ་ཁ་ཕྱོགས་དགོས་པས། སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་རིག་གཞུང་ལ་ཚད་མ་རིག་པའི་རིགས་ལམ་གྱི་འགྲོས་སྦྱར་ཏེ། སློབ་དེབ་གསར་བ་རྩོམ་སྒྲིག་བྱེད་དགོས། བཞི་ནས་མི་རིགས་སློབ་ཆེན་ཁག་གིས་མུ་མཐུད་དུ་ཚད་མ་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། ཚད་མ་རིག་པའི་དགེ་རྒན་གྱི་དཔུང་སྡེ་སྐྲུན་དགོས། ཚད་མ་རིག་པ་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལས་ཆེས་ཁྱད་དུ་འཕགས་པ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་ལ་བརྟེན་ནས། ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་བར་ནུས་པ་གང་ལེགས་འདོན་དགོས།

རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ།


བརྒྱུད་འགོད།
0