ཞང་ཞུང་ཤེས་རིག་གི་ངོ་བོ་དང་འབྲེལ་བའི་རིག་གཞུང་འཆད་ཁྲིད་བྱ་འགུལ་ཟི་ལིང་ཙོང་ཁ་དགོན་དུ་སྤེལ་བ།

སྤེལ་དུས།  2021-08-26   ཡོང་ཁུངས།  མཚོ་སྔོན་ཚད་རིག་ལྷན་ཚོགས།     ཀློག་གྲངས།  

1副本.png

༢༠༢༡ལོའི་ཟླ་༨ཚེས་༢༤ཉིན། མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་ལྟེ་གནས་ཙོང་ཁ་དགོན་དུ། མཚོ་སྔོན་ཚད་རིག་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བ་ལྟར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་ཀྱིས་གནའ་དཔྱད་རིག་པས་ཞང་ཞུང་ཤེས་རིག་གི་ངོ་བོ་གཏན་འབེབ་བྱས་པ་ཞེས་པའི་བརྗོད་གཞི་ལས་བརྩམས་ཏེ། གནའ་བོའི་ཞང་ཞུང་ཤེས་རིག་གི་བྱུང་ཁུངས་འཚོལ་སྙེག་སྐོར་ལ།  གནའ་དཔྱད་རིག་པ་དང་། བྲག་བརྐོས་རི་མོ།གནའ་རབས་ཀྱི་ཡིག་ཚང་སོགས་ལ་ཁུངས་བཅོལ་ནས་ཞང་ཞུང་ཤེས་རིག་སྐོར་གྱི་རིག་གཞུང་ཞིབ་འཇུག་གི་འཆད་ཁྲིད་གནང་བ་རེད།

2副本.png

དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར།

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོ་དང་གླིང་གཙོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན།བོད་ལྗོངས་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་གསོ་རིག་སློབ་གླིང་གི་གདན་ཞུའི་སློབ་དཔོན་བཅས་ཡིན།  ཁོང་གི་སྔ་གཞུག་ཏུ་བོད་ཡིག་གཙོས་མཛད་པའི་རྒྱ་ཡིག་དང་། དབྱིན་ཡིག  དབྱི་ཏ་ལའི་སྐད་ཡིག་སོགས་ཀྱི་བརྩམས་ཆོས་འབོར་ཆེན་སྤེལ་ཞིང་། ལྷག་པར་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཐེངས་མང་བོར་ཞུགས་པ་དང་། ཁོང་གི་བརྩམས་ཆོས་ཁ་ཤས་ཨོ་སི་ཁྲི་ཡའི་རྒྱལ་ས་ཝི་ཨེན་དང་། འཇར་པན་གྱི་ཨོ་ས་ཁ།ཧོ་ལན་རྒྱལ་ཁབ་ཀྱི་ལེ་ཏན་གྲོང་ཁྱེར་བཅས་ནས་པར་དུ་བསྐྲུན།

3副本.png

འཆད་ཁྲིད་གནང་བཞིན་པ།

4副本.png

གནའ་བོའི་ཡིག་རྙིང་ངོ་སྤྲོད།

5副本.png

བརྙན་རིས་ལམ་ནས་གནའ་བོའི་རིག་གནས་མཚམས་སྦྱོར་གནང་བ།

6副本.png

ཟི་ལིང་ཙོང་ཁ་དགོན་པཎ་ཆེན་བླ་བྲང་ཚོམས་ཆེན་མདུན་དུ་བསྐྱོན་པའི་མཉམ་པར།


བརྒྱུད་འགོད།
0