རྒྱའི་སྐད་ཀྱི་ཚད་མ་རིག་པའི་གཞུང་ལུགས་ཡིག་སྒྱུར་དང་བསླབ་གཞི་སྐོར་གླེང་བ།

སྤེལ་དུས།  2021-10-02   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  

 རྒྱའི་སྐད་ཀྱི་ཚད་མ་རིག་པའི་གཞུང་ལུགས་ཡིག་སྒྱུར་དང་བསླབ་གཞི་སྐོར་གླེང་

2021སྤྱི་ཟླ9པའི་ཚེས27ཉིན། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ནང་རིག་བསླབ་གཞི་སྒྲིག་འཛུགས་སྐོར་གྱི་དཔྱད་གླེང་ཚོགས་འདུའམ་ནང་བསྟན་སློབ་ཆེན་གྱི《ནང་རིག་རྒྱ་ཡིག་སློབ་དེབ》ཀྱི་དཔྱད་ཞིབ་ཚོགས་འདུ་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་རུ་འཚོགས། 

b3b3d83c2d928f95f56dc9e42dbe872.jpg

          ཀྲུང་དབྱང་བོད་དོན་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་སྲི་ཐར་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་ནང་བསྟན་སློབ་ཆེན་གྱི་གླིང་གཙོ་རིན་ཆེན་རྣམ་རྒྱལ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སངས་རྒྱས་བཀྲ་ཤིས། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་ལིའུ་ཕིང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་སུའོ་ཡི་སུའོ་ཀྲང་གཞོན་པ་ལྷ་བྱམས་རྒྱལ་སོགས་ཚོགས་འདུར་ཞུགས།

976d6541152bc861faee15d886ffc94.jpg            བགྲོ་གླེང་ཚོགས་འདུ་སྟེང་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་དང་། དགེ་བཤེས་ཡོན་ཏན་རྒྱ་མཚོ། དྲུང་ཡིག་ཆེན་མོ་མགོན་པོ་ཚེ་རིང་། དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོ་སོགས་ཚོགས་འདུ་ལ་ཞུགས་ཤིང་། དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོས་བགྲོ་གླེང་སྟེང་རྒྱ་བོད་ཚད་མའི་གཞུང་ལུགས་སྐོར་ཕན་ཚུན་ཡིག་སྒྱུར་དང་། དེ་ལས་འཕྲོས་ཏེ་རྒྱ་བོད་མཁས་པའི་ཚད་མའི་རིག་གཞུང་བགྲོ་གླེང་ལ་བརྟེན་ནས་བསམ་བློ་བརྗེ་རེས། དུས་རབས་ཀྱི་གནས་བབ་ལ་གཞིགས་ནས་རྒྱ་བོད་ཚད་མ་རིག་པ་རྒྱུན་འཛིན་དར་སྤེལ་ཐད་ཀྱི་བསླབ་གཞི་ཡིག་སྒྱུར་གཞིར་བྱས། ཚད་མ་རིག་པ་སྦྱངས་པའི་ཕན་ནུས་དང་དགེ་མཚན་སོགས་གླེང་ཡོད། 



ཚོགས་མི་ལྷན་རྒྱས་ཀྱི་མཉམ་པར།

བརྒྱུད་འགོད།
0