མཚོ་སྔོན་ཚད་རིག་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་གྲོས་ཚོགས་ཐེངས་བདུན་པ།

སྤེལ་དུས།  2021-10-19   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  དཀོན་མཆོག་རྒྱ་མཚོ།   ཀློག་གྲངས།  

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་གྲོས་ཚོགས་ཐེངས་བདུན་པ།

22.jpg

2021ལོའི་ཟླ10ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་སྐབས་དང་པོའི་རྒྱུན་ལས་ལས་འཛིན་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་ཙོང་ཁ་དགོན་དུ་འཚོགས།ཐེངས་འདིའི་གྲོས་ཚོགས་ལ་ཚོགས་གཙོ་སྒར་བ་ངག་དབང་བཟང་པོ། ཚོགས་གཙོ་གཞོན་པ་ཟླ་བ་དང་ལྷུན་འགྲུབ་རྡོ་རྗེ། རྒྱུན་ལས་ལས་འཛིན་རྒྱལ་མཚན་མགོན་པོ། ཁྱུང་ཕྲུག་བློ་བཟང་དར་རྒྱས། ངག་དབང་མཆོག་གྲུབ། དགེ་འདུན།  མུན་འཇོམས་སྒྲོན་མེ། དྲུང་ཡིག་ཆེན་མོ་མགོན་པོ་ཚེ་རིང་།  དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོ་དང་སྟག་འབུམ་རྒྱལ་བཅས་རྒྱུན་ལས་ལས་འཛིན་༡༡ཞུགས་ཡོད། ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་མགོན་པོ་ཚེ་རིང་ལགས་ནས་འགོ་འཛིན་མཛད།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་སྐབས་བརྗེ་ཚོགས་འདུ་དང་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དྲུག་པའི་ཚོགས་འདུ་སྐོར་ལ་གྲོས་བསྡུར་བྱས།

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་སྐབས་དང་པོའི་བྱ་བའི་སྤྱི་སྡོམ་བྱས་པ།

རྩོམ་སྒྲིག་པ།དཀོན་མཆོག་རྒྱ་མཚོ།

བརྒྱུད་འགོད།
0