བོད་དུ་བསྒྱུར་བའི་རྒྱ་གར་གྱི་ཚད་མའི་བསྟན་བཅོས།

སྤེལ་དུས།  2017-12-16   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  ཤེས་རབ་བསྟན་དར།   ཀློག་གྲངས།  

བོད་དུ་བསྒྱུར་བའི་རྒྱ་གར་གྱི་ཚད་མའི་བསྟན་བཅོས།

སློབ་དཔོན་ཕྱོགས་གླང་གིས་མཛད་པ་ལ། ཚད་མའི་མདོ་ཀུན་ལས་བཏུས་སེང་གེ་རྒྱལ་མཚན་གྱི་འགྱུར། དེའི་རང་འགྲེལ་མར་ཐུང་དད་པ་ཤེས་རབ་ཀྱི་འགྱུར། དམིགས་པ་བརྟག་པ་ཤོ་ལོ་ཀ་བརྒྱད། དེའི་རང་འགྲེལ་ཤོ་ལོ་ཀ་སུམ་ཅུ་རྩ་གཉིས་པ་དཔལ་བརྩེགས་ཀྱི་འགྱུར།

ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ལྷ་ཆོས་ཀྱི་རིན་ཆེན་གྱི་འགྱུར། དུས་གསུམ་བརྟག་པ། ནག་ཚོའི་འགྱུར། ཕྱོགས་ཆོས་དགུའི་འཁོར་ལོ་ཆོས་ཀྱི་སྣང་བའི་འགྱུར།

སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ་ལ། ཚད་མ་རྣམ་འགྲེལ་དགེ་བློ་དང་། རྔོག་དང་ཀུན་དགའ་རྒྱལ་མཚན་གྱི་འགྱུར། ཚད་མ་རྣམ་ངེས་རྔོག་འགྱུར། རིགས་ཐིག་བམ་པོ་གཅིག་རྔོག་འགྱུར། གཏན་ཚིགས་ཐིགས་པ་ཤོ་ལོ་ཀ་ཉིས་བརྒྱ་པ་དཔལ་བརྩེགས་ཀྱི་འགྱུར། འབྲེལ་བ་བརྟག་པ་བན་དེ་ནམ་མཁའ་དང་ཏིང་ངེ་འཛིན་བཟང་པོའི་འགྱུར། རྒྱུད་གཞན་གྲུབ་པ་ཤོ་ལོ་ཀ་བརྒྱ་དཔལ་བརྩེགས་ཀྱི་འགྱུར། རྩོད་པའི་རིགས་པ་དགེ་བའི་བློ་གྲོས་དང་ཤོང་གི་འགྱུར།

རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་དང་། རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་སློབ་དཔོན་ལྷ་དབང་བློས་མཛད་པ་དགེ་བློའི་འགྱུར། འདི་རང་འགྲེལ་དང་བསྡོམས་པ་ལ་ཚད་མ་སྟོང་ཕྲག་བཅུ་གཉིས་པ་ཟེར་རོ། །

རང་འགྲེལ་དང་ལྷ་དབང་བློ་གཉིས་ཀའི་འགྲེལ་བཤད་སློབདཔོན་ཤཱཀྱ་བློས་མཛད་པ་དགེ་བློའི་འགྱུར།

རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པས་མཛད་པ་རྣམ་འགྲེལ་གྱི་རྒྱན་བམ་པོ་དྲུག་ཅུ་རྔོག་འགྱུར།

རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་སློབ་དཔོན་རྒྱལ་བ་ཅན་གྱིས་མཛད་པ་བམ་པོ་དྲུག་ཅུ་པ་བྱང་ཆུབ་ཤེས་རབ་ཀྱི་འགྱུར། རྣམ་འགྲེལ་རྒྱན་གྱི་ལེའུ་དང་པོའི་འགྲེལ་བཤད་སློབ་དཔོན་ཛ་མ་རིས་མཛད་པ་ཡོངས་སུ་དག་པ་དང་རྣམ་འགྲེལ་ལེའུ་གཉིས་པ་དང་གསུམ་པའི་འགྲེལ་པ་སློབ་དཔོན་ཉི་མ་སྦས་པས་མཛད་པ་དང་། ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་བྲམ་ཟེ་བདེ་བྱེད་དགའ་བས་མཛད་པ་རྣམ་འགྲེལ་གྱི་རྗེས་སུ་འབྲངས་པ་ཡིན་ཟེར་བ་ཅུང་ཟདམ་ཚངབ། ཚད་མ་རྣམ་ངེས་ཀྱི་ཊཱིཀ་འཐད་ལྡན་སློབ་དཔོན་ཆོས་མཆོག་གིས་མཛད་པ་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་དང་བཞི་བརྒྱ་དྲུག་ཅུ་རྩ་གསུམ་པ་རྔོག་འགྱུར།

ཁ་ཆེཛྙ྄་ན་རྫིས་མཛད་པའི་རྣམ་ངེས་ཀྱི་ཊཱིཀ་ཆོས་ཀྱི་བརྩོན་འགྲུས་ཀྱི་འགྱུར།

རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆོས་མཆོག་གིས་མཛད་པ། བམ་པོ་ལྔ་ཆོས་ཀྱི་སྣང་བ་དང་བློ་ལྡན་ཤེས་རབ་ཀྱི་འགྱུར།

སློབ་དཔོན་དུལ་ལྷས་མཛད་པའི་རིགས་ཐིགས་ཀྱི་འགྲེལ་པ་སློབ་མ་ལ་ཕན་པ་བམ་པོགསུམ་ཡེ་ཤེས་སྡེའི་འགྱུར།

སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་རིགས་པའི་ཐིགས་པའི་ཕྱོགས་སྔ་མ་ཤོ་ལོ་ཀ་བརྒྱ་དང་། གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་པ་སློབདཔོན་དུལ་ལྷས་མཛད་པ་བམ་པོ་བཅུ་གཉིས་པ་གཉིས་དཔལ་བརྩེགས་ཀྱི་འགྱུར།

བྲམ་ཟེ་ཨཙྪ་ཊས་མཛདཔའི་གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་པ། འབྲེལ་བ་བརྟག་པའི་རང་འགྲེལ། འབྲེལ་བརྟག་གི་རྒྱ་ཆེར་འགྲེལ་པ་སློབ་དཔོན་དུལ་ལྷས་མཛད་པ བན་དེ་ནམ་མཁའི་འགྱུར།

རྒྱུད་གཞན་སྒྲུབ་པའི་འགྲེལ་བཤད་སློབ་དཔོན་དུལ་ལྷས་མཛད་པ་བམ་པོ་གཅིག་དང་ཤོ་ལོ་ཀ་བརྒྱ་ལྔ་བཅུ་རྩ་ལྔ་པ་དཔལ་བརྩེགས་ཀྱི་འགྱུར། རྩོད་རིགས་ཀྱི་འགྲེལ་བ་སློབ་དཔོན་དུལ་ལྷས་མཛད་པའི་སྟོད།

སློབ་དཔོན་ཞི་བ་འཚོས་མཛད་པའི་རྩོད་རིགས་ཀྱི་འགྲེལ་པ་ཟངས་དཀར་དང་འབྲོ་སེང་དཀར་གྱི་འགྱུར། དམིགས་པ་བརྟག་པའི་འགྲེལ་བཤད་བམ་པོ་གཅིག་དཔལ་བརྩེགས་ཀྱི་འགྱུར།

སློབ་དཔོན་ཆོས་མཆོག་གིས་མཛད་པའི་ཚད་མ་བརྟག་པ་ཆེ་ཆུང་གཉིས་རྔོག་འགྱུར།བྲམ་ཟེ་བདེ་བྱེད་དགའ་བའི་འབྲེལ་བ་བརྟག་པའི་རྗེས་འབྲང་གཟུ་དགའ་བ་རྡོ་རྗེའི་འགྱུར།

སློབ་དཔོན་དགེ་སྲུང་གིས་མཛད་པའི་ཕྱི་རོལ་དོན་གྲུབ་བམ་པོ་གཅིག་དཔལ་བརྩེགས་ཀྱི་འགྱུར། ཐམས་ཅད་མཁྱེན་པ་གྲུབ་པ་ཤོ་ལོ་ཀ་ཉིས་བརྒྱ་ལྔ་བཅུ།

སློབ་དཔོན་ཆོས་མཆོག་གིས་མཛད་པའི་སྐད་ཅིག་འཇིག་པ་གྲུབ་པ། གཞན་སེལ་གྲུབ་པ་གཉིས་རྔོག་འགྱུར།

སྐད་ཅིག་འཇིག་པ་གྲུབ་པའི་འགྲེལ་པ་བྲམ་ཟེ་མུ་ཏིག་བུམ་པས་མཛད་པ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། བྲམ་ཟེའི་གཞན་སེལ་གྲུབ་པ་དང་འབྲེལ་བ་གྲུབ་པ་གཉིས་རྔོག་འགྱུར།

སློབདཔོན་ཆོས་མཆོག་གིས་མཛདཔའི་འཇིག་རྟེན་ཕ་རོལ་གྲུབ་པ་ཤོ་ལོ་ཀ་བརྒྱ་ལྔ་བཅུ།

སློབ་དཔོནཤཱནྟི་པས་མཛད་པའི་ནང་གི་ཁྱབ་པ་དང་། ཛྙ྄་ན་ཤྲྀས་མཛད་པའི་རྒྱུ་འབྲས་གྲུབ་པ་གཉིས་ཤཱཀྱ་འོད་ཀྱི་འགྱུར།

 སློབ་དཔོན་ཙན་དྲ་གོ་མིས་མཛདཔའི་རིགས་པ་གྲུབ་པའི་སྒྲོན་མ་བེ་རོ་ཙ་ནའི་འགྱུར།

སློབ་དཔོན་ཛེ་ཏཱ་རིས་མཛད་པ་ལ། བྱིས་པ་འཇུག་པའི་ཚད་མ་སུམ་ཅུ་པ་དཔལ་མཆོག་རྡོ་རྗེའི་འགྱུར། ཆོས་དང་ཆོས་ཅན་གཏན་ལ་དབབ་པ། གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་ཤཱཀྱ་འོད་ཀྱི་འགྱུར།

པནྜིཏ་ཛི་ན་མི་ཏྲས་བྱས་པའི་རིགས་པའི་ཐིགས་པའི་དོན་བསྔུས་ལ་ཡེ་ཤེས་སྡེའི་འགྱུར།

སློབ་དཔོན་དགེ་སྲུང་གིས་མཛད་པ་ལ། ཐོས་པ་བརྟག་པ་བམ་པོ་གཅིག གཞན་སེལ་བརྟག་པ། དབང་ཕྱུག་འཇིག་པ་གྲུབ་པ་ཤོ་ལོ་ཀ་དྲུག་ཅུ་རྩ་དགུ།

བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པའི་རིགས་པའི་སྦྱོར་བ་ཏིང་ངེ་འཛིན་བཟང་པོའི་འགྱུར། སློབ་དཔོན་ཤཱནྟི་པས་མཛད་པའི་རྣམ་རིག་གྲུབ་པ་ཤཱཀྱ་འོད་དང་ཤེས་རབ་བརྩེགས་ཀྱི་འགྱུར།

སློབ་དཔོན་ཞི་བ་འཚོས་མཛད་པའི་ཚང་མའི་དེ་ཁོ་ན་ཉིད་བསྡུས་པ་ལྷ་བླ་མ་ཞི་བ་འོད་ཀྱི་འགྱུར། དེའི་འགྲེལ་པ་

སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པ་སྟོང་ཕྲག་བཅོ་བརྒྱད་པ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར།

པནྜིཏ་རྒྱལ་དབང་བློས་མཛད་པའི་ཚད་མ་ཀུན་ལས་བཏུས་ཀྱི་འགྲེལ་པ་སྟོང་ཕྲག་དགུ་པ་དཔང་བློ་བརྟན་གྱི་འགྱུར།འདི་མ་(བསྟན་འགྱུར་དུ)ཚུད་དྲུག་ཅུ་རྩ་གཅིག་གོ།

ད་དུང་བུ་སྟོན་ཆོས་འབྱུང་དུ་བཙལ་བར་གདམས་པའི་ཁྲོད་དུ་རིགས་པའི་ཐིགས་པའི་ཕྱོགས་སྔ་མ་བསྔུས་པ་ཤོ་ལོ་ཀ་བརྒྱ་ལྔ་བཅུ་བཞུགས།

རྩོམ་སྒྲིག་པ། དཀོན་མཆོག་རྒྱ་མཚོ། 


བརྒྱུད་འགོད།
0