ཤེས་བྱའི་དབྱེ་བ་བཤད་པ།

སྤེལ་དུས།  2017-12-17   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།     རྩོམ་པ་པོ།  རྗེ་དམུ་དགེ་བསམ་གཏན།   ཀློག་གྲངས།  

ཤེས་བྱའི་དབྱེ་བ་བཤད་པ།

释所知之差别

   ཤེས་བྱ་ལ་དབྱེ་ན། རྟག་པ་དང་། དངོས་པོ་གཉིས། དང་བོ་རྟག་པའི་མཚན་ཉིད་ནི། སྐད་ཅིག་མ་མ་ཡིན་པའི་ཆོས། མཚན་གཞི་ནི། ནམ་མཁའ་ལྟ་བུ། སྒྲ་བཤད་ནི། དུས་རྟག་ཏུ་བརྟན་ཅིང་གནས་པས་ན། རྟག་པ་ཞེས་བརྗོད་ལ། སྐད་ཅིག་སྐད་ཅིག་ལ་འཇིག་པ་མིན་པས་ན།  སྐད་ཅིག་མ་མ་ཡིན་པ་ཞེས་བརྗོད་དོ།  །

所知中分常与事物二种。初、常之定义者谓非剎那之法。事例如:虚空。释名者:因为常时坚固而住,故说为常;非剎那刹那坏故,称为非刹那。

རྟག་པ་ལ་དབྱེ་ན། རྣམ་པ་ཐམས་ཅད་པའི་རྟག་པ་དང་། རེས་འགའ་བའི་རྟག་པ་གཉིས་ཡོད། དང་བོ་ནི་འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ། ཐོགས་རེག་བཀག་ཙམ་གྱི་མེད་དགག་དེ། འདུས་མ་བྱས་ཀྱི་ནམ་མཁའི་མཚན་ཉིད།  

常分为恒常与暂常二种。初者如无为虚空。仅遮碍触之无遮是无为虚空之定义。

སྒྲ་བཤད་ནི། བར་སྣང་སྟོང་བ་ཆོས་ཅན། ཁྱོད་ཡོད་པ་ཡིན་པས་ཤེས་བྱ་ཡིན་ལ། གང་ལའང་ལྟོས་པ་མེད་པར་རྟག་ཏུ་མི་འགྱུར་བས་ན། རྣམ་པ་ཐམས་ཅད་པའི་རྟག་པ་ཞེས་བརྗོད་ལ། རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་སྟེ་རྒྱུ་རྐྱེན་གྱིས་མ་བྱས་པས་ན།  འདུས་མ་བྱས་ཀྱི་ནམ་མཁའ་ཞེས་བརྗོད་དོ།  །

释名者:空间有法,彼是有者因为是所知故,或者不观待任何所以恒常不变,故称为常。非因缘造作聚集,非因缘所作,所以称为无为虚空。

གཉིས་པ་རེས་འགའ་བའི་རྟག་པ་ནི། བུམ་པའི་ནམ་མཁའ་དང་། ཁང་བའི་ནམ་མཁའ་ལྟ་བུ།  སྒྲ་བཤད་ནི། བུམ་པའི་ནང་གི་སྟོང་པ་དང་། ཁང་བའི་ནང་གི་སྟོང་བ་ཆོས་ཅན། རེས་འགའ་བའི་རྟག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བུམ་པ་དང་། ཁང་བ་ནི། རེས་འགའ་བའི་དངོས་པོ་ཡིན་ལ། ཁྱོད་ལ་སྐྱེ་འཇིག་མེད་ཅིང་དེ་ལ་བརྟེན་ནས་འཇོག་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། བུམ་པ་དང་ཁང་བ་ནི་རེས་འགའ་བའི་དངོས་པོ་ཡིན་ཏེ། རེས་འགའ་ཡོད་ལ་རེས་འགའ་མེད་པའི་དངོས་པོ་ཡིན་པའི་ཕྱིར།

第二、暂常者,如瓶之虚空,房之虚空。释名者:瓶内之空与房内之空有法,称为暂常之理由者,谓瓶与房是暂时之事物,彼(虚空)虽无生灭然所依是彼(瓶),以如是安立之理,如是说故。瓶与房是暂时知事物者,是暂时有暂时无之事物故。

ཡིག་བསྒྱུར་བ ། ཐོགས་མེད།  དཀོན་མཆོག་རྒྱ་མཚོ།

རྩོམ་སྒྲིག་པ། དཔལ་ལྡན་རྡོ་རྗེ། 


བརྒྱུད་འགོད།
0